ཆང་རག་དང་འཕྲོད་བསྟེན།

  འདྲེ་རིག་ལྡན། སྔོན་གླེང་།  ཆང་རག མི་མཐུན་མཐུན་པར་བྱེད་པའི་ཟམ་པ། ཟས་ཀྱི་དང་ག་འགྱེད་པའི་བདུད་བརྩི། ཡང་ན། ཆང་རག་ནི་མཐུན་མཐུན་ཁ་ཁར་གཏོང་བའི་དབྱེན་འདྲེ། ཟས་ཚད་དུག་ཏུ་བསྒྱུར་བའི་གདོན་རྫས། ཆང་རག་ལ་ང་ཚོས་རིན་ཐང་ཇི་ལྟར་གཞལ་མིན་དང་། ཡང་ན་ཅི་ཞིག་འཇོག་དགོས་མིན་ཐད་ཆང་འཐུང་མཁན་དང་མི་འཐུང་མཁན་གཉིས་ཀར་ལྟ་ཚུལ་སོ་སོར་ཡོད་ངེས་ཀྱང་།

ཞིབ་ཀློག

ཆང་རག་གིས་གསོད་བཞིན་པའི་ཀྲུང་གོ

ཀྲུང་གོ་ནང་གི་ཆང་དང་ཆང་དང་འབྲེལ་བའི་གནོད་ཚབས། སྲིད་ཇུས་བསྐྱར་ཞིབ་བྱེད་རྒྱུའི་དུས་ལ་བབ་ཡོད། ངོ་སྤྲོད། ཀྲུང་གོ་ནང་གི་ཆང་འཐུང་ཚད་རྒྱལ་སྤྱིའི་སྟེང་གི་རྒྱལ་ཁབ་གཞན་གང་དང་བསྡུར་ནའང་འཕར་ཚད་ཧ་ཅང་མགྱོགས། ཉེ་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ཡིག་ཚགས་ཀྱིས་བསྟན་པ་ལྟར་ན།ཀྲུང་གོས་ཆང་རག་ཐོན་བསྐྱེད་དང་འཛད་སྤྱོད་བྱེད་ཚད། ཆང་རག་དང་འབྲེལ་བའི་དོན་རྐྱེན་སོགས་ལོ་རེར་ཇེ་མཐོར་སོང་ཡོད།

ཞིབ་ཀློག

དཀར་རྫས་ཟེར་བ་ཅི་ཞིག་ཡིན་ནམ།

དཀར་རྫས་(Calcium 钙)ནི་ཟས་རིགས་མང་པོ་ཞིག་ཏུ་ཡོད་པའི་གཏེར་རྫས་ཤིག་ཡིན། ང་ཚོའི་རུས་པ་མཁྲེགས་པོ་ཡོང་བ་དང་། ལུས་ཀྱི་བྱེད་ལས་གཞན་དག་ཚུལ་བཞིན་སྤེལ་བ་ལ་ལུས་པོར་དཀར་རྫས་མཁོ། ང་ཚོས་ཟས་པའི་དཀར་རྫས་ཕལ་ཆེ་བ་སོ་ཚུད་པའི་ལུས་ཀྱི་རུས་པའི་ནང་ཉར་ཚགས་བྱེད་པ་དང་། དེས་རུས་པའི་ཆགས་བཀོད་དང་རུས་པ་མཁྲེགས་པོ་ཡོང་བར་བྱེད་ཀྱིན་ཡོད།

ཞིབ་ཀློག

འཚོ་བཅུད་D ཡི་ཧྲིལ་བརྙན།

འཚོ་བཅུད་D ནི་ཟས་རིགས་ཁ་ཤས་ནང་རང་བྱུང་དུ་ཡོད་པའི་ཟས་བཅུད་ཅིག་ཡིན་ལ། ང་ཚོའི་བདེ་ཐང་དང་། རུས་པའི་སྤུས་ཚད་དང་ལུས་པོ་སྤྱིའི་བདེ་ཐང་རྒྱུན་བསྲིང་པ་ལ་མེད་ཐབས་མེད་པ་ཞིག་ཡིན། འཚོ་བཅུད་D ཡིས་ལུས་པོར་དཀར་རྫས་(calcium = ཀེལ་ཞེམ་=钙) བསྡུ་ལེན་བྱེད་པར་རོགས་བྱེད་པ་ཡིན། ཀེལ་ཤམ་ནི་རུས་པའི་གྲུབ་ཆ་གཙོ་བོ་དེ་ཡིན། (ཀེལ་ཞེམ་སྐོར་ལ་འགྲེལ་བརྗོད་ལོགས་སུ་བྱེད་རྒྱུ་ཡིན་པས་དེར་གཟིགས་རོགས།)

ཞིབ་ཀློག

དགུན་དུས། ཉི་འོད། ང་ཚོའི་བདེ་ཐང་།

འཚོ་བཅུད་D  འདི་ཁྱེད་ཀྱིས་ངེས་པར་ཤེས་དགོས་པའི་གནད་དོན་ཞིག་ཡིན། དེང་སྐབས་ཁྲོམ་རྭ་གང་སར་འཚོ་བཅུད་(vitamins)སྣ་མང་ཞིག་འཚོང་བཞིན་ཡོད། རྒྱལ་ཁབ་དང་ས་གནས་སོ་སོའི་ཟས་རིགས་དང་སྨན་རྫས་དོ་དམ་བྱེད་ལུགས་མི་འདྲ་བ་ཡོད་པས། ཚོང་རྭར་འགྲེམ་སྤེལ་བྱེད་བཞིན་པའི་འཚོ་བཅུད་རིགས་ལ་ཡང་བཟང་ངན་དང་དག་རྫུན་གྱི་ཧེ་བག་ཧ་ཅང་ཆེན་པོ་ཡོང་གི་ཡོད།

ཞིབ་ཀློག

གཤེར་རྨེན་སྐུལ་རྫས།

  གཅིན་སྙི་ནད་པའི་གྲངས་འབོར་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ནད་གཞི་འདིས་གཅིན་སྙི་ནད་གཞི་ཡོད་མཁན་ཚོར་ཤུགས་རྐྱེན་ཐེབས་པ་ཙམ་དུ་མ་ཟད། ཁོང་ཚོར་བདག་སྐྱོང་བྱེད་མཁན་དང་། ཁོང་ཚོ་དང་མཉམ་དུ་འཚོ་བ་སྐྱེལ་མཁན། ཁོང་ཚོ་དང་མཉམ་དུ་ལས་ཀ་བྱེད་མཁན་བཅས་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།

ཞིབ་ཀློག

༢༠༡༦ ལོའི་འཛམ་གླིང་ཨེ་ཛི་ཉིན་མོ།

ལོ་རེའི་སྤྱི་ཟླ་༡༢ པའི་ཚེས་༡ ནི་རྒྱལ་སྤྱིའི་ཨེ་ཛི་ཉིན་མོ་ཡིན། རྒྱལ་སྤྱིའི་ཁྱོན་དུ་ཉིན་མོ་འདིར་ཕན་ཚུན་མཉམ་ལས་སྒོས་ཨེ་ ཛི་ནད་གཞི་དང་འབྲེལ་བའི་གོ་རྟོགས་སྤེལ་བའི་བྱ་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད། མིག་སྔའི་བར་ད་དུང་ཨེ་ཛི་ནད་འབུ་གཙང་སེལ་ཐུབ་པའི་སྨན་ཞིག་རྙེད་མེད་ཀྱང་། གོ་རྟོགས་སྤེལ་ནས་སྔོན་འགོག་བྱེད་པ་དང་། ཚན་རིག་ཞིབ་འཇུག་གི་གྲུབ་དོན་གསར་པ་མང་པོས་སྨན་རིགས་གསར་པ་བསྐྲུན་པ་བཅས་ཀྱིས། ཨེ་ཛིའི་ནད་ཀྱི་ཁྱབ་ད་དང་། མིའི་ཚེ་སྲོག་འཕྲོད་ཚད་བཅས་ཀྱི་ཐད་ནས་ཡར་རྒྱས་ཀྱི་རྣམ་པ་ཧ་ཅང་ཆེན་པོ་ཐོན་བཞིན་ཡོད་ལ།

ཞིབ་ཀློག

ལས་ཐོག་འཕྲོད་བསྟེན་དང་བདེ་འཇགས།

གདན་ཞུས་གཏམ་བཤད། ལས་རིགས་གང་འདྲ་ཞིག་གཉེར་ཡང་དེས་ང་ཚོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་བཞིན་ཡོད། དེ་ཙམ་དུ་མ་ཟད། ལས་རིགས་ཚང་མས་ང་ཚོའི་ལུས་སེམས་གཉིས་ཀྱི་བདེ་འཇགས་ལ་ཡང་ཉེན་ཁ་བསྐྱེད་བཞིན་ཡོད།

ཞིབ་ཀློག

འགོག་སྲུང་མ་ལག (དང་པོ།)

དུས་རྒྱུན་ང་ཚོས་རང་ཉིད་ཀྱི་དོན་ལྔ་སྣོད་དྲུག་སོགས་ཀྱིས་གྲུབ་པའི་ལུས་འདི་ནི་རང་ཉིད་ཀྱི་ཤེས་པའམ། རྣམ་ཤེས་ཁོ་ནའི་སྡོད་གནས་ཡིན་པར་འདོད་ཀྱིན་ཡོད། འོན་ཀྱང་། དོན་དངོས་སུ་ང་ཚོའི་ལུས་པོའི་ཕྱི་ནང་གཉིས་སུ་སྐྱེ་ལྡན་ཕྲ་རབ་ས་ཡ་ཁྲི་ཕྲག་མང་པོ་འཚོ་གནས་བྱེད་བཞིན་ཡོད། དེང་གི་ཆར་ཚན་རིག་པ་ཚོས་མིའི་ལུས་པོ་འདི་ཕྲ་ཕུང་ཐེར་འབུམ་སུམ་སྟོང་(30,000,000,000,000)ལྷག་གིས་གྲུབ་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ལ།

ཞིབ་ཀློག

རྒྱལ་སྤྱིའི་སེམས་ཁམས་འཕྲོད་བསྟེན་ཉིན་མོ།

སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་བཤད་དུས་མི་མང་པོ་ཞིག་གི་སེམས་ངོར་སྨྱོན་པ་དང་། རིག་འཚོ་མ་ཟིན་པ། གླེན་པ། རྟུལ་པོ། བསམ་བློ་གཏོང་མི་ཤེས་མཁན། སྤྱོད་པ་འཆལ་བོ་སོགས་མདོར་ན་ལྟ་ཚུལ་ངན་པ་ཞིག་འཛིན་བཞིན་ཡོད་ལ། སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན་ཚང་མ་ནི་རང་འདོད་ཆེན་པོ་དང་། རྟག་ཏུ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་གུ་དོགས་པོ་འཁྱེར་མཁན།

ཞིབ་ཀློག

གཙང་སྦྲ་ནི་ཚན་རིག་ཅིག་ཡིན།(༦)

སྙིགས་འདོན་མ་ལག (Urinary System 泌尿系统) མ་ལག་འདིས་ང་ཚོས་ནམ་རྒྱུན་གཅིན་གཏོང་བའམ་ཆབ་གསང་བའི་བྱེད་ལས་ཏེ། ཟས་རིགས་ཁ་ཤས་ཤིག་འཇུ་བའམ་ཞིབ་ མོར་འཐག་པའི་བརྒྱུད་རིམ་ཁྲོད་ཐོན་བསྐྱེད་བྱས་པའི་སྙིགས་མའི་རིགས་ལུས་ནས་ཕྱིར་འདོན་བྱེད་པའི་ལས་ཀ་བྱེད་པ་རེད།

ཞིབ་ཀློག