ཕན་ལས་གནོད་ཆེ་ན་རྩ་མེད་གཏོང་དགོས།

བཤང་སྒོའི་སྤུ་ནི་ཕན་ལས་གནོད་ཆེ་བའི་ལུས་ཀྱི་ཆ་ཤས་ཤིག་རེད། དེ་ཡིན་ལུགས་ཡིན་སྟངས་ང་ཚོས་རྩོམ་ཡིག་གོང་མའི་ནང་གླེང་ཟིན་པ་རེད། གལ་སྲིད་ཁྱེད་ཀྱིས་བཀླགས་མེད་ཚེ་གཞང་འབྲུམ་དང་ནོར་བའི་དཀའ་ངལ་ཅིག་ཟེར་བའི་དྲ་ཐག་འདིར་སྣུན་ནས་ཞིབ་ཀློག་གནང་རོགས།

ཞིབ་ཀློག

སྐྱེས་མའི་བདེ་ཐང་།

༢༠༡༧ ལོའི་ཟླ་༥ ཚེས་ ༡༤ ཉིན། རྒྱལ་སྤྱིའི་མ་ཡུམ་དུས་ཆེན་ཉིན་ངེད་བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་ངོས་ནས་འཇིག་རྟེན་གྱི་སྐྱེས་མ་སྤྱི་དང་། དམིགས་བསལ་གྱིས་བོད་ཀྱི་ཨ་མ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། གཤམ་གྱི་དྲ་ཐག་བརྒྱུད་ནས་སྐྱེས་མའི་བདེ་ཐང་དང་འབྲེལ་བའི་གློག་དེབ་ཕབ་ལེན་གནང་རོགས།

ཞིབ་ཀློག

ཅི་ཞིག་ལ་བྱ་ཡམས་ཟེར།

གཅིག ཅི་ཞིག་ལ་བྱ་ཡམས་ཟེར། སྒྱུར་མཁན། སྨན་པ་རྒྱ་མཚོ། བྱ་ཡམས་ནི་བྱ་བྱིའུ་ལ་བྱུང་བའི་ཆམ་ཡམས་ཞེས་པའི་བསྡུས་ཚིག་ཡིན་ལ། ཡམས་གསར་ཀ་བའི་ནད་དུག་ཀྱིས་བསྐྱེད་པའི་བྱ་བྱིའུ་ཡི་འགོས་ནད་ཅིག་རེད། བྱ་རིགས་ཕན་ཚུན་ལ་འགོས་ཁྱབ་སླ། སྔོན་ཆད་ཁྱིམ་བྱའི་རིམས་ནད་ཅེས་ཟེར། བྱ་བྱིའུ་ལ་ནད་དེ་འགོས་ཁྱབ་བྱུང་ཚེ་ཤི་བའི་ཚད་ཧ་ཅང་མཐོ།

ཞིབ་ཀློག

མཚན་མའི་གཉན་ཚད་བདག་གཅེས་བྱེད་ཐབས།

ཉིན་རེའི་ཟས་སྤྱོད་དང་རང་ངོས་ནས་བཅོས་ཐབས། དྲི་ངན་མཚན་གཉན་(Bacterial vaginosis/细菌性阴道炎)དང་། གྲང་འབུ་གསང་རེག་ཚ་ནད(Trichomoniasis/ 滴虫病)། མཚན་མ་རྒུད་པའི་ནད་རྟགས་སོགས་ཀྱིས་བསྐྱེད་པའི་མཚན་མའི་གཉན་ཚད་ཡོད་ན་ངེས་པར་སྨན་པར་བསྟེན་ནས་སྨན་ལེན་དགོས། འོན་ཀྱང་། གལ་ཏེ་ཁྱོད་ལ་སྐྱུར་རྩིའི་གཉན་ཚད་ཡོད་ཚེ་གཤམ་གྱི་བྱེད་ཐབས་འདི་དག་བཀོལ་ནས་རང་ངོས་ནས་བདག་གཅེས་བྱེད་ཆོག

ཞིབ་ཀློག

མཚན་མའི་གཉན་ཚད་ཀྱི་རྒྱུ་རྐྱེན།

མཚན་མའི་གཉན་ཚད་རིགས་མི་འདྲ་བ་སོ་སོར་དེ་དག་བསྐྱེད་མཁན་གྱི་རྒྱུ་དང་རྐྱེན་ཡང་མི་འདྲ་བ་རེ་ཡོད། དྲི་ངན་མཚན་གཉན།(Bacterial vaginosis/细菌性阴道炎) རྒྱུན་མཐོང་གི་མཚན་མའི་གཉན་ཚད་བསྐྱེད་མཁན་འདི་ནི་མཚན་མའི་ནང་གི་དུས་རྒྱུན་གྱི་འབུ་ཕྲ་རབ་ལ་འགྱུར་བ་ཐེབས་པ་ལ་བརྟེན་ནས། རྒྱུན་ལྡན་མ་ཡིན་པའམ། ཡང་ན་མཚན་མར་གནོད་སྐྱེལ་བའི་འབུ་ཕྲ་རབ་གཞན་གྱི་གྲངས་འབོར་མང་དུ་འཕེལ་བ་ལ་བརྟེན་ནས་འབྱུང་བ་ཡིན།

ཞིབ་ཀློག

མཚན་མའི་གཉན་ཚད།

སྐྱེས་མ་ཚོ་ཁོ་ནར་འབྱུང་བའི་མོ་ནད་ཟེར་བའི་ནད་རིགས་ཤིག་ཡོད་པར་འདོད་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། མོ་མཚན་གྱི་ནད་རིགས་བྱུང་ན་དེ་ནི་སྐྱེས་མ་ཁོ་ནའི་ཞན་ཆའམ་སྐྱོན་དང་། ངོ་ཚ་དགོས་པ་ཞིག་དང་། གཞན་ལ་གསང་བ་བྱེད་དགོས་པའི་ཐ་ཤལ་གྱི་གནས་ཚུལ་ཞིག་ཏུ་འདོད་མཁན་ཡང་རེ་ཟུང་ཡོད། བསམ་ཚུལ་དང་། ཡིད་ཆེས། ལྟ་ཚུལ་སོགས་གང་འདྲ་ཞིག་འཛིན་མིན་ལ་མ་ལྟོས་པར། དོན་དངོས་ལ་དབྱེ་ཞིབ་བྱས་ན་ནད་རིགས་གང་འདྲ་ཞིག་ཡིན་རུང་དེ་ཕོ་མོ་གཉིས་ཀར་ཕོག་སྲིད་པ་ཙམ་དུ་མ་ཟད།

ཞིབ་ཀློག

ཟླ་མཚན་འབབ་དུས་མངལ་ཆགས་སམ།

གཉེན་སྒྲིག་བྱས་ཟིན་པའི་བཟའ་ཚང་མང་པོ་ཞིག་གིས་མངལ་མི་ཆགས་པའི་ཆེད་དུ་མངལ་འགོག་སྨན་བསྟེན་པའམ། ཡང་ན་མངལ་སྒོ་སྡོམ་པ་སོགས་ཀྱི་ཐབས་ལམ་བསྟེན་བཞིན་ཡོད། བྱེད་ཐབས་དེ་གཉིས་ལས་གང་ཞིག་བཀོལ་རུང་། དེ་གཉིས་ཀར་ཞོར་སྐྱོན་ཡོད་པ་མ་ཟད། ཞོར་སྐྱོན་དེ་དག་ལ་བསྟེན་ནས་སྐྱེས་མ་མང་པོ་ཡུན་རིང་ནད་ཀྱིས་མནར་བ་དང་། མོ་ནད་གཞན་གྱི་ངོ་བོར་འགྱུར་ནས་སྲོག་ཤོར་བའི་གནས་ཚུལ་ཡང་ཡོང་བཞིན་ཡོད།

ཞིབ་ཀློག

༢༠༡༦ ལོའི་འཛམ་གླིང་ཨེ་ཛི་ཉིན་མོ།

ལོ་རེའི་སྤྱི་ཟླ་༡༢ པའི་ཚེས་༡ ནི་རྒྱལ་སྤྱིའི་ཨེ་ཛི་ཉིན་མོ་ཡིན། རྒྱལ་སྤྱིའི་ཁྱོན་དུ་ཉིན་མོ་འདིར་ཕན་ཚུན་མཉམ་ལས་སྒོས་ཨེ་ ཛི་ནད་གཞི་དང་འབྲེལ་བའི་གོ་རྟོགས་སྤེལ་བའི་བྱ་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད། མིག་སྔའི་བར་ད་དུང་ཨེ་ཛི་ནད་འབུ་གཙང་སེལ་ཐུབ་པའི་སྨན་ཞིག་རྙེད་མེད་ཀྱང་། གོ་རྟོགས་སྤེལ་ནས་སྔོན་འགོག་བྱེད་པ་དང་། ཚན་རིག་ཞིབ་འཇུག་གི་གྲུབ་དོན་གསར་པ་མང་པོས་སྨན་རིགས་གསར་པ་བསྐྲུན་པ་བཅས་ཀྱིས། ཨེ་ཛིའི་ནད་ཀྱི་ཁྱབ་ད་དང་། མིའི་ཚེ་སྲོག་འཕྲོད་ཚད་བཅས་ཀྱི་ཐད་ནས་ཡར་རྒྱས་ཀྱི་རྣམ་པ་ཧ་ཅང་ཆེན་པོ་ཐོན་བཞིན་ཡོད་ལ།

ཞིབ་ཀློག

མི་ཐེར་འབུམ་གཉིས་ཉེན་ཁའི་འོག་ཡོད།

སྤྱི་ལོ་2016 ཟླ་9 ཚེས་2ཉིན་བྷིས་བྷིས་སི་དྲ་བའི་འཕྲོད་བསྟེན་ཚན་པར་སྤེལ་བའི་གནས་ཚུལ། ཨ་ཧྥི་རི་ཀ་དང་ཨེ་ཤ་ཡའི་གླིང་གི་མི་གྲངས་ཐེར་འབུམ་གཉིས་ལྷག་རྫིས་ཁཱ་ཕྲ་སྲིན་གྱི་ནད་ཡམས་འོག་ཚུད་རྒྱུའི་ཉེན་ཆ་ཆེན་པོ་འདུག་ཅེས་ཞིབ་འཇུག་པ་ཚོས་བཤད་འདུག ཞིབ་འཇུག་པ་ཚོས་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་གར་དང་། ཨིན་ཌོ་ནེ་ཞིས་ཡ། ལྷོ་ཨ་ཧྥི་རི་ཀའི་ནང་གི་ནཱེ་ཇི་རྱི་བཅས་ནི་ཉེན་ཁ་ཆེ་ཤོས་ཡིན་པའི་ས་ཁུལ་ཁག་ཡིན།

ཞིབ་ཀློག

ནད་འབུ་ཕྲ་མོ།

ནད་འབུ་ཕྲ་མོ་(Germs/病菌)ཟེར་བ་ནི་སྐྱེ་ལྡན་ཕྲ་རབས་རིགས་ཤིག་ཡིན་ཞིང་། དམིགས་བསལ་གྱིས་མིའི་བདེ་ཐང་ལ་ གནོད་ཅིང་ནད་གཞི་བསྐྱེད་མཁན་རིགས་ལ་ནད་འབུ་ཕྲ་མོར་འབོད་པ་རེད། ནད་འབུ་ཕྲ་མོ་(Germs/病菌) དེ་དག་ང་ཚོའི་ཁོར་ཡུག་ཀུན་ཏུ་ཁྱབ་ཡོད་པ་མ་ཟད། དམིགས་བསལ་གྱིས་མིའི་ལུས་ དང་། དྲོད་དང་བརླན་གྱི་མཐུན་རྐྱེན་གང་དུ་འཛོམས་ན་དེར་གནས་བཅས་ཤིང་ཁྱབ་སྤེལ་བྱེད་ཀྱིན་ཡོད།

ཞིབ་ཀློག

གསང་གནས་འབྲུམ་ཐོར།

རྩོམ་ཡིག་གོང་མའི་ནང་དུ་ང་ཚོས་འབྲུམ་ཐོར་སྤྱི་དང་། བྱེ་བྲག་ཏུ་ལུས་སྟོད་འབུམ་ཐོར་སྐོར་ལ་བཤད་པ་རེད། མདོར་བསྡུས་ནས་བཤད་ན། འབྲུམ་ཐོར་ནི་དུས་རྒྱུན་ང་ཚོའི་མཆུ་འདབས་སུ་ཐོན་པའི་རྨ་ཞིག་ཡིན་པ་དང་། རྨ་འབྲུམ་དེ་ བསྐྱེད་མཁན་ནད་སྲིན་ཕྲ་མོ་དབྱིན་སྐད་དུ་ཧཱར་པིས་ཟི་(herpes/泡疹) ཟེར་བ་ཞིག་གིས་བསྐྱེད་པ་རེད། ནད་འབུ་ཕྲ་མོ་དེས་བསྐྱེད་པའི་རྨ་འབྲུམ་ལ་བོད་སྐད་དུ་འབྲུམ་ཐོར་དང་། ཤུན་པ་སོགས་སུ་འབོད་ཅིང་། མིག་སྔའི་འཕྲོད་བསྟེན་ཚན་རིག་གི་ཤེས་ཚད་ཐོག་ནས་ནད་འབུ་འདི་རྩ་མེད་གཏོང་ཐུབ་ཀྱིན་མེད།

ཞིབ་ཀློག