ཟླ་མཚན་འབབ་དུས་མངལ་ཆགས་སམ།

གཉེན་སྒྲིག་བྱས་ཟིན་པའི་བཟའ་ཚང་མང་པོ་ཞིག་གིས་མངལ་མི་ཆགས་པའི་ཆེད་དུ་མངལ་འགོག་སྨན་བསྟེན་པའམ། ཡང་ན་མངལ་སྒོ་སྡོམ་པ་སོགས་ཀྱི་ཐབས་ལམ་བསྟེན་བཞིན་ཡོད། བྱེད་ཐབས་དེ་གཉིས་ལས་གང་ཞིག་བཀོལ་རུང་། དེ་གཉིས་ཀར་ཞོར་སྐྱོན་ཡོད་པ་མ་ཟད། ཞོར་སྐྱོན་དེ་དག་ལ་བསྟེན་ནས་སྐྱེས་མ་མང་པོ་ཡུན་རིང་ནད་ཀྱིས་མནར་བ་དང་། མོ་ནད་གཞན་གྱི་ངོ་བོར་འགྱུར་ནས་སྲོག་ཤོར་བའི་གནས་ཚུལ་ཡང་ཡོང་བཞིན་ཡོད།

ཞིབ་ཀློག

གཤེར་རྨེན་སྐུལ་རྫས།

  གཅིན་སྙི་ནད་པའི་གྲངས་འབོར་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ནད་གཞི་འདིས་གཅིན་སྙི་ནད་གཞི་ཡོད་མཁན་ཚོར་ཤུགས་རྐྱེན་ཐེབས་པ་ཙམ་དུ་མ་ཟད། ཁོང་ཚོར་བདག་སྐྱོང་བྱེད་མཁན་དང་། ཁོང་ཚོ་དང་མཉམ་དུ་འཚོ་བ་སྐྱེལ་མཁན། ཁོང་ཚོ་དང་མཉམ་དུ་ལས་ཀ་བྱེད་མཁན་བཅས་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།

ཞིབ་ཀློག

གཅིན་སྙི་ནད་པའི་ཟས་བཅུད་བསྟེན་ཚུལ།

ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། ། འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། ། རྒྱག་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། ། མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། ། (བཤེས་སྤྲིངས་ལས་)གསུངས་པ་ལྟར། ཁ་ཟས་བསྟེན་ཤེས་ན་སྨན་ཡིན་པས། ཟས་དང་སྤྱོད་ལམ་གཉིས་ཀ་ཚུལ་བཞིན་དུ་བསྟེན་པ་ཡིན་ན་ང་ཚོས་ནད་རིགས་བརྒྱ་ཕྲག་མང་པོ་ཞིག་རང་བཞིན་གྱིས་འགོག་ཐུབ་པ་ཡིན།

ཞིབ་ཀློག

ཁྲག་གི་མངར་ཆར་སྟངས་འཛིན་བྱེད་སྟངས།

གཅིན་པ་མངར་འགྱུར་རམ་གཅིན་སྙིའི་ནད་གཞི་ཡོད་ན། ཁྲག་ནང་གི་མངར་ཆའི་ཚད་གཞི་ལ་ལྟ་རྟོག་བྱེད་རྒྱུ་གལ་གནད་ཆེན་པོ་ཡིན། དེང་སང་སྟབས་ཧ་ཅང་བདེ་བའི་བརྟག་དཔྱད་ཡོ་ཆས་སྣ་ཚོགས་པ་ཞིག་ཡོད། གལ་སྲིད་ཁྱོད་ཀྱིས་སྨན་པའི་བཀོད་མངགས་ལྟར་བརྟག་དཔྱད་བྱེད་པ་དང་། མངར་ཆའི་ཚད་གཞིར་དཔག་པའི་སྒོ་ནས་ཟ་མ་བཟའ་བ། ལུས་རྩལ་རྩེད་པ་སོགས་བྱས་པ་ཡིན་ན།

ཞིབ་ཀློག

རྒྱུ་རྐྱེན་ཅི་ཞིག་ཡིན་ནམ།

འདིའི་སྔོན་དུ་ཁེན་སེར་(cancer) དང་འབྲེལ་བའི་རྩོམ་ཐུང་གཉིས་སྤེལ་རྗེས། འབྲེལ་ཡོད་ལྷག་བསམ་ཅན་རེ་ཟུང་ནས་ནད་གཞི་འདིར་བོད་སྐད་དུ་ཅི་ཟེར་གྱི་བསམ་ཚུལ་(རང་གི་དྲན་ཚུལ་)དང་དཔྱད་ལན་(ཁ་སྔོན་བདག་གིས་“རྒྱུས་ལན་”སྐོར་གྱི་བསམ་ཚུལ་བསྡུ་དུས་དྲ་གྲོགས་གླང་དར་མར་འབོད་པ་ཞིག་གིས་བཏོན་པའི་ཚབ་ཚིག་དེ་ལེགས་པར་མཐོང་ནས་ད་ལྟ་feedback=反馈 ཡི་ཚབ་ཚིག་ཏུ་ “དཔྱད་ལན་”བཀོལ་བཞིན་ཡོད།) མང་པོ་ཞིག་གནང་སོང་བ་དང་།

ཞིབ་ཀློག

འབྲས་སྐྲན་ལ་བཅོས་ཐབས་ཡོད་དམ།

འབྲས་སྐྲན་ལ་བཅོས་ཐབས་ཡོད་དམ་ཟེར་ན།  དེ་ལ་ཡོད་མེད་གཉིས་ཀྱིས་ཐག་གིས་བཅད་ནས་བཤད་ཐུབ་པ་ཞིག་མ་རེད། དེང་རབས་གསོ་རིག་གིས་ཐབས་བརྒྱ་ཇུས་སྟོང་གིས་ནད་ཀྱི་ངོ་བོ་དང་། རང་བཞིན། ནད་པའི་གནས་བབ་སོགས་ཕྱོགས་ཀུན་ལ་ལྟོས་པའི་སྒོ་ནས་བཅོས་ཐབས་འདྲ་མིན་སྣ་ཚོགས་ཤིག་བསྟེན་གྱིན་ཡོད་ལ། འབྲས་སྐྲན་ལས་རྣམ་པར་རྒྱལ་ནས་བདེ་ཐང་གི་འཚོ་བ་ཕྱིར་ལོན་མཁན་ཡང་གྲངས་མེད་ཅིག་ཡོད་པ་རེད།

ཞིབ་ཀློག

འབྲས་སྐྲན་ནི་ཅི་ཞིག་ཡིན་ནམ།

སྐྲན་ལ་འགྲེལ་བཤད་མ་བརྒྱབ་པའི་སྔོན་འདིར། ངས་ཁྱེད་ཚོར་སྐྱེ་དངོས་རིག་པའི་དྲི་བ་ཐུང་ཐུང་ཞིག་འདྲི། དེ་ནི་ང་ཚོའམ་སྐྱེ་ལྡན་རྣམས་ཅིའི་ཕྱིར་དང་ཇི་ལྟར་འཚར་ལོངས་འབྱུང་བ་ཡིན་ནམ་ཟེར་བ་དེ་ཡིན། ཕྱོགས་གཅིག་ནས་བཤད་ན་དེ་ནི་ལས་སླ་བའི་དྲི་བ་ཞིག་རེད། དེ་རིང་ངས་ལས་སླ་ཤོས་ཀྱི་དྲིས་ལན་དེས་གསལ་བཤད་བྱེད་རྒྱུ་ཡིན་ལ། དེ་ཡང་གོ་བདེ་བའི་ཆེད་དུ་ང་ཚོ་འགྲོ་བ་མི་གཙོ་བོར་བཟུང་ནས་བཤད་རྒྱུ་ཡིན། 

ཞིབ་ཀློག

ལོང་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ།

ཁྱོད་ཀྱིས་མིག་གཉིས་ཀ་བཙུམ་ནས་རང་ཁྱིམ་དུ་ཁྱིམ་མི་ཚོ་དང་མཉམ་དུ་དུས་ཡུན་ཆུ་ཚོད་གཅིག་གི་རིང་ལ་སྡོད་ཐུབ་བམ།  མི་ཕལ་ཆེ་བས་བསམ་བློ་མ་གཏང་བར་ “ཅི་ལ་མི་ཐུབ་” ཟེར་སྲིད་མོད། འོན་ཀྱང་། བསམ་བློ་ཞིབ་ཏུ་གཏང་ན་དེ་ནི་དཀའ་བའི་ལས་ཤིག་ཡིན། རྒྱུ་མཚན་ནི། མིག་བཙུམ་མ་ཐག་ཁྱེད་ཀྱིས་ཅི་ཡང་མཐོང་མི་ཐུབ་པས། ཁྱོད་ཀྱི་ཀླད་པས་དབང་པོ་གཞན་དག་བཀོལ་སྤྱོད་ཀྱིས་ཁྱོད་ཀྱི་ཉེ་འཁོར་ལ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་རེ་རེ་བར་ཞིབ་དཔྱོད་བྱེད་འགོ་ཚུགས་ངེས་

ཞིབ་ཀློག

གཞང་འབྲུམ་དང་དེའི་འབྱུང་རྐྱེན།

གཞང་འབྲུམ་ནི་སྤྱིར་ན་ནད་གཞི་ཉེན་ཁ་ཡོད་པ་ཞིག་དང་། སེམས་ཁུར་བྱེད་དགོས་པ་ཞིག་མིན། ཡིན་ན་ཡང་། དེས་མི་མང་པོ་ཞིག་ལ་ཉིན་རེ་བཞིན་ཅ་ཟིང་པོ་བཟོ་གིན་ཡོད། དེ་བས། འདིར་ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་འཕྲོད་བསྟེན་སྡེ་ཁག་གིས་བཏོན་པའི་རྩོམ་ཡིག་ཅིག་གཞི་ལ་བཞག་ནས་གཞང་འབྲུམ་དང་། དེའི་འབྱུང་རྐྱེན། བཅོས་ཐབས་བཅས་ཀྱི་སྐོར་ངོ་སྤྲོད་བྱེད་རྒྱུ་ཡིན།

ཞིབ་ཀློག

གཅིན་པ་མངར་འགྱུར།

  གཅིན་པ་མངར་འགྱུར་རམ། གཅིན་སྙིའི་ནད་ནི་དུས་ཡུན་རིང་པོར་ན་བའི་གཅོང་ནད་ཀྱི་རིགས་ཤིག་ཡིན། ནད་གཞི་དེའི་འབྱུང་རྐྱེན་ནི་ང་ཚོའི་ལུས་ཀྱི་གཤེར་རྨེན་གྱིས་ཨིན་ཟུའུ་ལིན་སྐུལ་རྫས་(insulin/胰岛素) འདང་ངེས་ཤིག་ཐོན་བསྐྱེད་བྱས་མ་ཐུབ་པའམ། ཡང་ན་ལུས་པོས་སྐུལ་རྫས་དེ་དག་ཚུལ་བཞིན་དུ་བེད་སྤྱོད་བྱས་མ་ཐུབ་པ་དེ་རེད།

ཞིབ་ཀློག

བདེ་ཐང་གི་ལུས་ལྗིད།

བདེ་ཐང་གི་ལུས་ཀྱི་ལྗིད་ཚད་ཟ་མ་ཉུང་བཟའ་བྱེད་པར་མི་གོ དེ་ནི་ཉིན་རེའི་འཚོ་བ་སྟེ། བཟའ་བཏུང་དང་། ལུས་རྩལ། སེམས་ཁམས་བཅས་སྤྱི་འདུས་ཀྱི་མཇུག་འབྲས་ཤིག་ཡིན།

ཞིབ་ཀློག