ཆང་རག་དང་འཕྲོད་བསྟེན།

  འདྲེ་རིག་ལྡན། སྔོན་གླེང་།  ཆང་རག མི་མཐུན་མཐུན་པར་བྱེད་པའི་ཟམ་པ། ཟས་ཀྱི་དང་ག་འགྱེད་པའི་བདུད་བརྩི། ཡང་ན། ཆང་རག་ནི་མཐུན་མཐུན་ཁ་ཁར་གཏོང་བའི་དབྱེན་འདྲེ། ཟས་ཚད་དུག་ཏུ་བསྒྱུར་བའི་གདོན་རྫས། ཆང་རག་ལ་ང་ཚོས་རིན་ཐང་ཇི་ལྟར་གཞལ་མིན་དང་། ཡང་ན་ཅི་ཞིག་འཇོག་དགོས་མིན་ཐད་ཆང་འཐུང་མཁན་དང་མི་འཐུང་མཁན་གཉིས་ཀར་ལྟ་ཚུལ་སོ་སོར་ཡོད་ངེས་ཀྱང་།

ཞིབ་ཀློག

རྒྱལ་སྤྱིའི་སེམས་ཁམས་འཕྲོད་བསྟེན་ཉིན་མོ།

སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་བཤད་དུས་མི་མང་པོ་ཞིག་གི་སེམས་ངོར་སྨྱོན་པ་དང་། རིག་འཚོ་མ་ཟིན་པ། གླེན་པ། རྟུལ་པོ། བསམ་བློ་གཏོང་མི་ཤེས་མཁན། སྤྱོད་པ་འཆལ་བོ་སོགས་མདོར་ན་ལྟ་ཚུལ་ངན་པ་ཞིག་འཛིན་བཞིན་ཡོད་ལ། སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན་ཚང་མ་ནི་རང་འདོད་ཆེན་པོ་དང་། རྟག་ཏུ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་གུ་དོགས་པོ་འཁྱེར་མཁན།

ཞིབ་ཀློག

བོད་མིའི་སེམས་ཁམས། (༤)

བོད་ཕྱི་ནང་གི་བོད་མང་པོ་ཞིག་དངོས་སུ་ཉམས་སུ་མྱོང་བཞིན་པའི་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཆེ་བ་ཁག་འདིར་ངོ་སྤྲོད་མདོར་ཙམ་ཞུ་རྒྱུ་ཡིན། (བོད་མིའི་སེམས་ཁམས་༡ ནས་༤ བར་རྩོམ་ཡིག་ཁག་གི་ལུང་ཁུངས་དང་དཔྱད་གཞི་ཡིག་ཆ་ཁག་རྩོམ་ཡིག་འདིའི་མཇུག་ཏུ་བཀོད་ཡོད།)

ཞིབ་ཀློག

བོད་མིའི་སེམས་ཁམས།(༢)

སེམས་ཁམས་འཕྲོད་བསྟེན་གྱི་གོ་རྟོགས་སྤེལ་དགོས་པའི་གལ་ཆེའི་རང་བཞིན། དུས་རྒྱུན་ང་ཚོར་ཆམས་པ་ཙམ་བྱུང་ཡང་སྨན་པར་བསྟེན་པ་དང་སྨན་འཐུང་བཞིན་ཡོད། ཡིན་ན་ཡང་། སེམས་ཁམས་ལ་འཕྲད་དང་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་སྣང་མེད་དུ་འཇོག་བཞིན་ཡོད། དོན་དངོས་ཐོག ལུས་ཀྱི་བདེ་ཐང་གལ་གནད་ཆེ་བ་དང་གཅིག་མཚུངས་སུ་སེམས་ཁམས་འཕྲོད་བསྟེན་དེ་ཡང་གལ་ཆེན་པོ་ཡིན།

ཞིབ་ཀློག

བོད་མིའི་སེམས་ཁམས།(༡)

སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་འདི་དེང་སྐབས་གསར་དུ་མངོན་བཞིན་པ་ཞིག་ཡིན་ནམ་ཞེ་ན། དེ་ལ་ང་ཚོས་ཐ་གཅིག་ཏུ་ལན་འདེབས་ཐུབ་པ་ཞིག་མ་རེད། དམིགས་བསལ་གྱིས་སྤྱི་ཚོགས་འཕྲོད་བསྟེན་གྱི་རྩ་འཛུགས་དང་རིགས་ལམ་གྲུབ་མེད་པའི་སྤྱི་ཚོགས་ཁག་ལ་མཚོན་ན་ཞིབ་འཇུག་རྒྱུ་ཆ་གང་ཡང་མེད་པས་དྲི་བ་འདིར་ལན་འདེབས་རྒྱུའི་གཞི་མེད།

ཞིབ་ཀློག

གས་སེམས། (Schizophrenia 精神分裂症)

ཁྱེད་ཀྱིས་རང་ཉིད་ཁང་མིག་གྲུ་བཞི་མ་ཞིག་གི་ནང་དུ་ཡོད་པ་དང་། ཕྱོགས་བཞིའི་གྱང་ངོས་སུ་བརྙན་འཕྲིན་བརྒྱ་ཕྲག་ཁ་ཤས་ཡོད་པར་སོམས་དང་། བརྙན་འཕྲིན་དེ་དག་རེ་རེ་བའི་ནང་ནས་སྐད་ཡིག་འདྲ་མིན་གྱི་ལེ་ཚན་མི་འདྲ་བ་ཤ་སྟག་སྟོན་བཞིན་ཡོད་ན། ཁྱེད་ཀྱིས་བློ་རིག་སྒྲིམ་ནས་དེའི་ནང་གི་བརྙན་འཕྲིན་ཚན་པ་གཅིག་ལ་བལྟ་ཉན་བྱེད་ཐུབ་བམ། ད་དུང་། གནས་བབ་དེ་འདྲ་ཞིག་གི་འོག་ནས་ཁྱེད་ཀྱིས་བློ་རིག་སྒྲིམ་ནས་ལས་ཀ་བྱེད་པའམ། ཡང་ན་མི་ཞིག་གཞན་ཞིག་ལྷོད་ལྷོད་བྱས་ནས་ཁ་བརྡ་བྱེད་ཐུབ་བམ།

ཞིབ་ཀློག

སེམས་ཁམས་འཕྲོད་བསྟེན།

སེམས་ཁམས་འཕྲོད་བསྟེན་ཟེར་བ་ནི་མི་སྒེར་ཞིག་གི་སེམས་ཁམས་དང་མྱོང་ཚོར་གྱི་བདེ་ཐང་ངམ། མདོར་བསྡུས་ན་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཁོད་སྙོམས་མིན་ལ་ལྟོས་པའི་སེམས་ཀྱི་བདེ་ཐང་ལ་གོ་བ་ཡིན། ཨ་རིིའི་སེམས་ཁམས་རིག་པའི་ལྷན་ཚོགས་(APA)གྱིས་ངོས་འཛིན་བྱས་པ་ལྟར་ན། “སེམས་ཁམས་འཕྲོད་བསྟེན་ཟེར་བ་ནི་རང་གི་བསམ་བློ་དང་། ཚོར་བ། བྱ་སྤྱོད་བཅས་ཀྱིས་རང་གི་འཚོ་བར་ཤུགས་རྐྱེན་ཐེབས་ལུགས་ཤིག་ཡིན་ལ།

ཞིབ་ཀློག