སྟར་ཀའི་ཕན་ཡོན།

གདོད་མའི་དུས་ནས་བཟུང་སྟར་ཀ་ནི་ཤེས་རབ་ཀྱི་མཚོན་རྟགས་ལྟ་བུར་བརྩིས་པ་སྟེ། སྟར་ཀའི་ཚི་གུའི་བཟོ་ལྟ་ནི་མིའི་ཀླད་པ་དང་ཆགས་བཀོད་མཚུངས་པས་སོ། ། སྟར་ཀ་དང་། ཁམ་བུའི་ཚི་གུ་སོགས་ལ་ཟས་བཅུད་ཕུན་སུམ་ཚོགས་པ་མང་པོ་ཞིག་ཡོད་ཅིང་། བདེ་ཐང་གི་གཟུགས་གཞི་ཕུན་སུམ་ཚོགས་པ་ཞིག་གི་རྒྱུན་སྲིང་བ་ལ་འདི་དག་ནི་མེད་ཐབས་མེད་པ་ཞིག་ཡིན།

NutVsBrainསྟར་ཀ་དང་། ཁམ་བུའི་ཚི་གི་སོགས་ནི་ས་བབ་མཐོ་བའི་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་དུ་ཡོད་ཅིང་། སྟར་ཀའི་དགེ་མཚན་ཇེ་གསལ་དུ་སོང་བ་བསྟུན་ནས་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་སྟར་སྡོང་སྡེབ་ལས་བྱས། ད་ལྟའི་ཆར་སྟར་ཀ་ལ་རིགས་མི་འདྲ་བ་སུམ་བཅུ་ལྷག་ཡོད་ཅིང་། མི་རྣམས་ཀྱིས་ཆེས་དགའ་མོས་བྱེད་སའི་ཚི་གུའི་རིགས་ཤིག་ཡིན།

སྟར་ཀ་ནི་སྟོབས་བསྐྱེད་ཀྱི་འབྱུང་ཁུངས་ཆེ་ཤོས་ཤིག་ཡིན་པ་མ་ཟད། དེར་ད་དུང་མིའི་བདེ་ཐང་ལ་ཐད་ཀར་འབྲེལ་བའི་ཟས་བཅུད་དང་། སྨན་རྫས། དུག་སེལ་ནུས་བཅུད། འཚོ་བཅུད་སོགས་སྣ་ཁ་མང་པོ་འཛོམས་ཡོད།

Walnut-Kernelསྟར་ཀའི་ནང་གི་བརྒྱ་ཆ་བདུན་ཅུ་དོན་གཉིས་ཙམ་ནི་འཇུ་སླ་བའི་ཚིལ་ཞགས་ཡིན། དེ་དག་ནི་ང་ཚོའི་ལུས་པོས་ཐོན་བསྐྱེད་བྱེད་མི་ཐུབ་པའི་དགོས་ངེས་ཅན་གྱི་ཚིལ་རིགས་ omega-3 ཟེར་བ་དེ་དང་མཚུངས་པ་ཡིན། ཉིན་རེར་སྟར་ཀ་རེ་གཉིས་བཟས་པ་ཡིན་ན་དེས་ཁྱོད་ཀྱི་”ཁྲག་ངན་”ཉུང་འཕྲི་བྱེད་པ་མ་ཟད། “ཁྲག་བཟང་”མཐོར་འདེགས་བྱེད་ཐུབ། ཁྲག་བཟང་དང་ཁྲག་ངན་གཉིས་ཀ་གུག་རྟགས་ནང་བཀོད་དོན་ནི། བརྡ་ཆད་འདི་གཉིས་གོ་བདེའི་ཆེད་དུ་བཀོལ་བ་ལས་ཚད་ལྡན་གྱི་བརྡ་ཆད་མིན་པ་སྟོན་ཕྱིར་ཡིན། སྟར་ཀར་ཞིབ་འཇུག་བྱས་པའི་སྙན་ཐོ་ལྟར་ན། རྒྱུན་དུ་སྟར་ཀ་རེ་གཉིས་བཟས་པ་འདིར་སྙིང་གི་ནད་དང་། ཁྲག་གྲིབ་དང་གཟའ་གྲིབ་སྔོན་འགོག་བྱེད་ཐུབ།

healthnutདུག་སེལ་ནུས་བཅུད་ཕྱུག་པའི་སྟར་ཀ་ལ་སྐྲན་ནད་དང་། རྒ་བ། གཉན་ཁ། དབང་རྩའི་ནད་སོགས་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ཕུན་སུམ་ཚོགས་པ་ཡོད། དེ་ཙམ་དུ་མ་ཟད། སྟར་ཀའི་ནང་དུ་འཚོ་བཅུད་E མང་པོ་ཡོད་པས། འདིས་ང་ཚོའི་ཕྲ་ཕུང་གི་དུག་འཇོམས་ནུས་པར་གཞོགས་འདེགས་ཆེན་པོ་བྱེད་ཐུབ། ད་དུང་ཀླད་རྩའི་བདེ་ཐང་ལ་མཆོག་ཏུ་གྱུར་བའི་སྨན་ཡིན་པས། ཐོས་བསམ་སློབ་གཉེར་བྱེད་མཁན་ཚོས་རྒྱུན་དུ་སྟར་ཀ་རེ་བཟས་པ་ཡིན་ན་ཀླད་ཁམས་དྭངས།

མདོར་ན། སྟར་ཀའི་ནང་དུ་འཛོམས་པའི་དགེ་མཚན་ནི་”བཀྲ་ཤིས་བདེ་ལེགས་”ལས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པས། གྱ་སྟོན་དང་། སྐྱེས་སྐར། གཉེན་སྟོན། ཁང་སྟོན། ལོ་གསར་སོགས་སུ་གཞན་ལ་འཚམས་རྟགས་སྤྲོད་དགོས་ཚེ་སྟར་ཀ་སྤྲོད་དང་། དེས་ཁྱོད་ཀྱི་ལྷག་བསམ་རྣམ་པར་དག་པའི་ཀླད་པ་མཚོན་པ་ཙམ་དུ་མ་ཟད། སྤྲོད་ཡུལ་གྱི་མི་ལ་ནད་མེད་ཚེ་རིང་ཡོང་བའི་རྒྱུ་དངོས་སུ་སྐྱེལ་བ་རེད།

ཁུ་ནག་གིས་མཚོན་པའི་མངར་ཆུའི་རིགས་ནི་ཐ་མག་དང་འདྲ་བ་ཡིན་པས་སྤང་བྱ་ཡིན། མངར་ཆུ་དང་ཐ་མག་མེད་པའི་ལོ་གསར་ཞིག་རོལ་རྒྱུར་གྲ་སྒྲིག་བྱེད་རོགས།

སྟར་ཀའི་ཕན་ཡོན།”སྐོར་ལ་མཆན་2འདུག

  • 2015-09-23 at 7:59 am
    Permalink

    འདིའི་ཞོར་སྐྱོན་གསུངས་རོགས།

    Reply
  • 2016-02-03 at 3:24 am
    Permalink

    དཔེ་འདྲ་གསུང་འདུག། དེ་རིང་ལོ་སར་གྲ་སྒྲིག་བྱེད་ཀི་ཡོད་པས་སྟར་ཀ་མང་ཙམ་ཉོ་གི་ཡིན།

    Reply

Leave a Reply

Your email address will not be published. Required fields are marked *