མཆིན་ནད་ཁ་པ།

མཆིན་ནད་ཁ་བ་ཟེར་བ་ནི་མཆིན་པའི་ནད་དུག་ཁ་པས་བསྐྱེད་པས་མཆིན་ནད་བྱེ་བྲག་པ་ཞིག་ཡིན་ལ། ནད་ཀྱི་ནུས་པ་ཐོན་ཚད་ལ་བདུན་ཕྲག་རེ་འགར་མི་བདེ་བ་འབྱུང་བ་ཙམ་ནས་མི་ཚེ་ཧྲིལ་པོར་གནས་པའི་ཚབས་ཆེ་བའི་ནད་བར་དུ་ཡོད། Awareness1མཆིན་ནད་ཁ་བ་འདི་སྤྱིའི་ཆ་ནས་ནད་འདིས་ཟིན་པའི་པའི་ནད་པ་ཞིག་གི་ཁྲག་དང་། ཁམས་དཀར་དམར། ལུས་ཀྱི་གཤེར་ཁུ་གཞན་བཅས་ནད་གཞི་ཕོག་མེད་པའི་མི་ཞིག་གི་ལུས་ནང་དུ་འཛུལ་བ་བརྟེན་ནས་ཕན་ཚུན་འགོས་པ་ཡིན། འདི་ནི་ནད་གཞི་ཕོག་ཡོད་པའི་མི་དང་ལུས་འབྲེལ་བྱེད་པ་དང་། མཆིན་ནད་ཁ་བ་ཡོད་པའི་མི་ཞིག་གིས་བཀོལ་ཟིན་པའི་སྨན་ཁབ་བསྐྱར་བཀོལ་བྱེད་པ་བཅས་ཀྱིས་ཕན་ཚུལ་འགོ་བ་མ་ཟད། ད་དུང་སྐྲ་བཞར་སྤུ་གྲི་དང་། ཉལ་ཐའི་ཁབ་མཉམ་སྤྱོད་བྱེད་པ་སོགས་བརྒྱུད་ནས་ཀྱང་འགོ་བཞིན་ཡོད། ནད་གཞི་འདི་ཡོད་པའི་ཨ་མ་ལས་ཕྲུ་གུར་བཙས་པའི་གནས་སྐབས་སུ་འགོ་བཞིན་ཡོད།

མཆིན་ནད་ཁ་བ་འདི་རྩེ་རྣོན་(acute)དང་རྒྱུན་གནས་(chronic)ཀྱི་སྐབས་གཉིས་ལས་གང་རུང་དུ་འགྱུར། མཆིན་ནད་ཁ་པའི་ནད་འབུས་ཟིན་རྗེས་ཀྱི་ཐོག་མའི་ཟླ་དྲུག་གི་རིང་དེར། རྩེ་རྣོན་མཆིན་ནད་ཁ་པའི་ནད་འབུས་བསྐྱེད་ པའི་གཉན་ཚད་དུས་ཡུན་ཐུང་ངུར་འབྱུང་། རྩེ་རྣོན་གཉན་ཚད་འདིས་རྒྱུན་གནས་གཉན་ཚད་དུ་འཕེལ་རྒྱས་བྱུང་བ་ཡིན་མོད། དེ་ཡང་མཐའ་གཅིག་ཏུ་ངེས་པ་ཞིག་མིན།

2048019རྒྱུན་གནས་མཆིན་ནད་ཁ་པའི་ནད་ནི་དུས་ཡུན་རིང་པོའི་བར་གནས་པའི་ནད་རྙིང་ཡིན་ལ། དེ་ནི་མཆིན་ནད་ཁ་པའི་ནད་འབུ་མི་ཞིག་གི་ལུས་པོར་དུས་ཡུན་རིང་བོར་གནས་པ་ལ་བརྟེན་ནས་འབྱུང་བ་ཡིན། འདི་ནི་མི་ཞིག་གི་འཕྲོད་བསྟེན་ལ་ཉེན་ཁ་ཆེས་ཆེ་བའི་ན་ཚ་ཞིག་ཡིན་པར་མ་ཟད། དུས་ཡུན་རིང་པོའི་བར་གནས་ཤིང་། འཆི་ཉེན་ཡང་ཡོད་པ་ཞིག་ཡིན།

མཆིན་ནད་ཁ་པ་ལས་གཡོལ་ཐབས་ལེགས་ཤོས་ནི་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་དེ་ཡིན།

བོད་ཁུལ་དང་བོད་རིགས་ཚོའི་ཁྲོད་མཆིན་ནད་ཁ་པའི་གྲངས་འབོར་མང་དོན་ཅི་ཞིག་ཡིན་ནམ།

ད་ལྟའི་བར་དུ་བོད་རིགས་འདུས་སྡོད་ཀྱི་ས་གནས་ཁག་ལ་འདིའི་ཆེད་དུ་ཞིབ་འཇུག་བྱས་པའི་གནས་ཚུལ་ཅི་ཡང་རྙེད་སོན་བྱུང་མ་སོང་བ་མ་ཟད། འདིའི་ཐད་ཞིབ་འཇུག་ཚད་ལྡན་ཞིག་བྱེད་པའི་ཆ་རྐྱེན་ཡང་མེད་པས། རྒྱུ་རྐྱེན་འདི་རེད་ཅེས་ཚིག་ཐག་གཅོད་མི་ཐུབ་ནའང་། གོང་འདིར་ནད་འདི་འགོས་ཁྱབ་འགྲོ་ཚུལ་རོབ་ཙམ་བཀོད་ཡོད་པ་དེ་ཉིད་ཚད་ཐིག་ཏུ་བཞག་ནས་རྒྱུ་རྐྱེན་འཚོལ་ཐབས་ཤིག་བྱས་པ་ཡིན།

དྲ་ལམ་དང་ཁ་པར་ནང་ནས་རྒྱུས་ཡོད་རྒྱུས་མེད་ཀྱི་མི་མང་པོར་བཅར་འདྲི་བྱས་པ་དང་། ས་གནས་དང་ཡུལ་ལུང་སོ་སོའི་འཚོ་བའི་གོམས་གཤིས་སོགས་ལ་རྒྱུས་ལོན་བྱས་པ།

ད་ལྟའི་བོད་ནང་གི་དོ་མི་སྙོམས་པའི་ཤེས་ཡོན་དང་དཔལ་འབྱོར་གྱི་གནས་བབ་བཅས་གཞི་ལ་བཞག་ནས་རང་གི་རྨོངས་ཚོད་ཙམ་འདིར་ཀུན་གྱི་དཔྱད་གཞིར་བཤད་འདོད་བྱུང་།

སྤྱི་ལོ་2014 ལོའི་ཟླ་5 པའི་ཚེས་1 ཉིན་ནས་བཟུང་ཚེས་20 བར་གྱི་ཉིན་གྲངས་ཉི་ཤུའི་ནང་ངེད་ཀྱིས་མཚོ་སྔོན་དང་། ཟི་ཁྲོན། ཀན་སུའུ། ཡུན་ནན་བཅས་བོད་རིགས་འདུས་སྡོད་ཀྱི་ཞིང་ཆེན་བཞི་དང་། བོད་རང་སྐྱོང་ལྗོངས་བཅས་ནས་ཕོ་མོ་གྲངས་བརྒྱ་དང་ཉི་ཤུ་ལ་སྐད་འཕྲིན་དང་ཁ་པར་གྱི་ལམ་ནས་བཅར་འདྲི་བྱས་པ་ཡིན། བཅར་འདྲིའི་དྲི་བ་གཙོ་བོ་ཁག་ནི།

  1. ཁྱེད་རང་ཞབས་བྲོ་ཁང་དང་། ཆང་ཁང་། ནང་མ་སོགས་སུ་འགྲོ་བཞིན་ཡོད་དམ།
  2. ཆང་འཐུང་དུས་ར་བཟི་རགས་བར་འཐུང་གི་ཡོད་དམ།
  3. ངོ་མི་ཤེས་པའི་མི་དང་འཕྲད་ནས་མཉམ་དུ་ཉལ་མྱོང་ཡོད་དམ།
  4. ངོ་མི་ཤེས་པའི་མི་དང་འཕྲད་ནས་ཁ་བསྐྱལ་མྱོང་ཡོད་དམ།
  5. དུས་རྒྱུན་སྲུངས་ཤུབས་(condom) བེད་སྤྱོད་བྱེད་ཀྱིན་ཡོད་དམ།
  6. ལོ་ན་གང་གི་ཁུངས་སུ་གཏོགས། (A. 18-30)   (B. 30-45)
  7. ཆེས་མཐོ་བའི་སློབ་ཐོན་ཤེས་ཚད།   བཅས་ཡིན།

མི་གྲངས་བརྒྱ་དང་ཉི་ཤུའི་ནང་དུ་ལོ་ན་18-30 ཡིན་པ་ 89་དང་། ལོ་ན་31-45 བར་ཡིན་པ་31 ཡོད།

ལོ་ན་18-30ཡིན་པ་89་ལས་45 མོ་དང་། 44 ཕོ། ཁོང་ཚོ་ལས་བརྒྱ་ཆ་ལྔ་བཅུ་ལྔ་གཉིས་ཀྱི་ཆེས་མཐོ་བའི་སློབ་ཐོན་ཤེས་ཚད་དམའ་འབྲིང་དང་།

ལོ་ན་18-30 བར་ཡིན་པའི་ན་གཞོན་སྤྱིའི་གྲངས་འབོར་89 ལས་45 ཕོ་ཡིན་པ་དང་། ཁོང་ཚོ་ཆང་ཁང་དུ་སོང་ཐེངས་རེར་ར་བཟི་བ་དང་། བུ་མོ་རེ་དང་འཕྲད་ཐེངས་རེར་ཁ་བསྐྱལ་བ་དང་། མཉམ་དུ་ཉལ་བ་སོགས་བྱེད་ཀྱིན་ཡོད། བུ་མོ་44 ལས་31 ངོ་མི་ཤེས་པའི་མི་དང་མཉམ་དུ་ཁ་བསྐྱལ་བ་དང་ཉལ་བ་སོགས་བྱས་འདུག

ཆེས་སྟབས་བདེ་བའི་བཅར་འདྲི་འདིའི་ཐོག་ནས་ཀྱང་ང་ཚོས་བོད་ཁུལ་དུ་ཕོ་བ་དང་མཆིན་པའི་ནད་འགོས་ཁྱབ་ཆེན་པོར་འགྲོ་བཞིན་པའི་རྒྱུ་རྐྱེན་གཅིག་མཐོང་ཐུབ།

བོད་ཀྱི་རོང་འབྲོག་ས་ཁུལ་མང་པོར་གསར་བུ་ཚོ་སྐོར་དང་སྐོར་བྱས་ནས་སམ། ཡང་ན་ཁེར་རྐྱང་དུ་ན་ཚོད་ལོན་པའི་བུ་མོ་ཚོའི་ཁྱིམ་ཚང་དུ་ལྐོག་འཛུལ་བྱེད་ཀྱིན་ཡོད་པ་དང་། ལྐོག་འཛུལ་བྱས་ནས་ཁྱིམ་དུ་འབྱོར་སོང་ན་བུ་མོ་ཚོར་གསར་བུ་གཅིག་དེའམ། ཡང་ན་གསར་བུ་སྐོར་དེ་དང་མཉམ་དུ་ཉལ་དང་མི་ཉལ་ལ་རང་དབང་མེད་པ་ལྟ་བུ་རེད། གལ་སྲིད་བུ་མོ་དེའམ། ཡང་ན་གསར་བུ་སྐོར་དེའི་ཁྲོད་ཀྱི་གཅིག་ལ་ཕོ་བའི་ནད་དང་། མཆིན་པའི་ནད། ཡང་ན་ཨེ་ཙིའི་ནད་སོགས་ཡོད་ན། མཚན་གཅིག་ལ་མི་གཅིག་ནས་ལྔ་བར་དུ་ནད་གཞི་འགོས་པའི་ཉེན་ཁ་ཡོད་པ་རེད།

འཚོ་བའི་གོམས་སྲོལ་འདི་དག་དང་། དུས་རྒྱུན་ཁྲག་ལ་བརྟག་དཔྱད་བྱེད་རྒྱུའི་གོམས་གཤིས་མེད་པའི་ཉེར་ལེན་གྱིས་བོད་ཁུལ་དུ་ནད་གཞི་འགོས་སླ་བ་དང་། ཚོད་འཛིན་དཀའ་བའི་སྣང་ཚུལ་འདི་དག་འབྱུང་བར་འདོད།

Leave a Reply

Your email address will not be published. Required fields are marked *