གཞང་འབྲུམ་དང་དེའི་འབྱུང་རྐྱེན།

གཞང་འབྲུམ་ནི་སྤྱིར་ན་ནད་གཞི་ཉེན་ཁ་ཡོད་པ་ཞིག་དང་། སེམས་ཁུར་བྱེད་དགོས་པ་ཞིག་མིན། ཡིན་ན་ཡང་། དེས་མི་མང་པོ་ཞིག་ལ་ཉིན་རེ་བཞིན་ཅ་ཟིང་པོ་བཟོ་གིན་ཡོད། དེ་བས། འདིར་ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་འཕྲོད་བསྟེན་སྡེ་ཁག་གིས་བཏོན་པའི་རྩོམ་ཡིག་ཅིག་གཞི་ལ་བཞག་ནས་གཞང་འབྲུམ་དང་། དེའི་འབྱུང་རྐྱེན། བཅོས་ཐབས་བཅས་ཀྱི་སྐོར་ངོ་སྤྲོད་བྱེད་རྒྱུ་ཡིན།

diagonosisམངལ་སྦྲུམ་པའི་གནས་སྐབས་སུ་སྐྱེས་སྨན་མང་པོ་གཞང་འབྲུམ་གྱི་དཀའ་ངལ་བརྒྱུད་ཀྱིན་ཡོད་ལ། མི་ཚེའི་དཀྱིལ་ལ་སླེབས་དུས་གཞང་འབྲུམ་ནི་རྒྱུན་ཆགས་ཀྱི་དཀའ་ངལ་ཞིག་ཡིན། ལོ་ན་ལྔ་བཅུར་ལོན་པའི་མི་འབོར་སྤྱིའི་བརྒྱ་ཆ་ལྔ་བཅུ་ཙམ་གྱིས་གཞང་འབྲུམ་གྱི་དཀའ་ངལ་འདི་ཐེངས་གཅིག་གམ་ཡང་ན་དེ་ལས་མང་བ་ཉམས་སུ་མྱོང་བཞིན་ཡོད། དཀའ་ངལ་དེ་དག་ནི་གཞང་ལམ་ན་བ་དང་། ཟ་འཁྲུག་ལངས་པ། ཁྲག་ཟགས་པ། འབྲུམ་བུ་ཐོན་པའམ། གཞང་སྒོ་(རྐུབ་ཁུང་)ནས་ཤ་ཐོན་པའང་སྲིད། གཞང་འབྲུམ་འདི་སྤྱིར་ན་ཉེན་ཁ་ཆེ་བ་ཞིག་མིན་ཡང་། བསྐྱར་ལོག་ཡང་ལོག་འབྱུང་བ་ཞིག་ཡིན་པས་ཉིན་རྒྱུན་གྱི་འཚོ་བ་ཅ་ཟིང་པོ་བཟོ་མཁན་ཞིག་ཡིན། སྟབས་ལེགས་པ་ཞིག་ལ་གཞང་འབྲུམ་ལ་སྟངས་འཛིན་དང་གསོ་བཅོས་བྱེད་ཐབས་ཧ་ཅང་མང་པོ་ཡོད།

གཞང་འབྲུམ་ནི་ཅི་ཞིག་ཡིན་ནམ།

hemorrhoidsདོན་དངོས་ཐོག་གཞང་འབྲུམ་ཞེས་པ་ནི་གཞང་ལམ་མམ། ཁ་གསལ་བོར་བཤད་ན་རྐུབ་ལམ་ལ་རྨའམ། འབྲུམ་པ་ཆགས་པར་གོ་བ་ཡིན། གཡོན་ངོས་སུ་ཡོད་པའི་པར་རིས་ནི་གཞང་སྒོའམ། རྐུབ་ཁུང་མཚམས་གྱི་འཕོང་ཤ་འཕྲེད་དུ་གཏུབ་པའི་བྲིས་རིས་རེད། དེར་ཁ་དོག་དམར་སྨུག་གམ་མུ་མེན་ཅན་ཆེ་ཆུང་གཉིས་ཡོད་པ་ནི་གཞང་འབྲུམ་ཡིན། གཞང་འབྲུམ་གཉིས་ལས་གོང་མ་དེར་གཞང་འབྲུམ་ནང་མ་དང་། འོག་མའམ། ཆུང་བ་དེར་གཞང་འབྲུམ་ཕྱི་མར་འབོད་པ་རེད། གཞང་འབྲུམ་ཐོན་མཁན་ཚོར་ཕྱི་ནང་གཉིས་ཀར་ཐོན་སྲིད་པ་མ་ཟད། ཁ་ཤས་ལ་ཕྱི་མ་གཅིག་པུ་དང་། ལ་ལར་ནང་མ་གཅིག་པུ་ཐོན་པའང་ཡོད། གཞང་འབྲུམ་ནང་མ་ཐོན་ས་དེ་དོན་དངོས་ཐོག་གཞང་ལམ་མིན། གནས་དེ་ལ་ཚན་རིག་གི་བརྡ་ཆད་དུ་Rectum ཟེར་ཞིང་། རྒྱ་སྐད་དུ་དེ་ལ་直肠ཟེར། དབྱིན་ཡིག་གི་ Rectum ཟེར་བའི་ཐ་སྙད་འདིའི་ཡོང་ཁུངས་ལཱ་ཏིན་སྐད་ཡིན་པ་དང་། དེའི་གོ་དོན་ནི་ “རྒྱུ་མ་དྲང་པོའམ” གཡས་འཁྱོག་གཡོན་འཁྱོག་མེད་པར་ཐད་ཀར་དུ་ཡོད་པའི་རྒྱུ་མར་གོ་བ་རེད། ང་ཚོའི་སྨན་གཞུང་དུ་འདི་ལ་ “གཉེ་མ་”རུ་འབོད་ཅེས་ངེད་དྲ་བའི་སྐད་འཕྲིན་ཚོགས་པའི་ནང་གི་ཨེམ་རྗེ་ཁ་ཤས་ཀྱིས་གསུངས། (ངེད་དྲ་བའི་སྐད་འཕྲིན་ཚོགས་པར་བཞུགས་པའི་ཨེམ་རྗེ་རྣམ་པས་བརྡ་ཆད་གཏན་ལ་ཕབ་མཚུམས་སུ་འདིར་དག་བཅོས་བྱེད་རྒྱུ་ཡིན་པ་ཐུགས་འཇགས་འཚལ།) གཉེ་མ་ནི་རྒྱུ་ཆེན་དང་། གཞང་ལམ་མམ་རྐུབ་ཁུང་གཉིས་ཀྱི་བར་མཚམས་སུ་ཡོད།

ཕྱོགས་གཅིག་ནས་བཤད་ན་མི་ཚང་མར་གཞང་འབྲུམ་ཡོད། དེ་ནི་གཉེ་མའི་སྨད་དང་གཞང་ལམ་མཐའི་བེ་སྣབས་སྐྱི་ཤུན་(mucous membrane/粘膜)འོག་ཏུ་ཡོད་པའི་སྡོད་རྩའི་ཚོགས་དེ་ཡིན།

ང་ཚོས་ “གཞང་འབྲུམ་” དུ་འབོད་བཞིན་པའི་གནས་སྟངས་འདི་ནི་གོང་གི་སྡོད་རྩ་འདི་དག་ལ་གནོན་ཤུགས་ཐེབས་པ་ལ་བརྟེན་ནས་སྐྲངས་པ་ལས་བྱུང་། སྡོད་རྩའི་ནང་དུ་ཡོད་པའི་ཁྲག་རྣམས་འཐེན་ཤུགས་ལ་ཁ་གཏད་གཅོག་ཞོར་རང་སྟོབས་ཀྱིས་ཕྱིར་སྙིང་གི་ནང་དུ་འགྲོ་དགོས་པ་དང་། (སྙིང་དང་། ཁྲག་གི་འཁོར་རྒྱུགས་སྐོར་ཞིབ་ཏུ་ཤེས་འདོད་ན་འདིར་སྣུན།) དེའི་སྟེང་ལ་རྩྭ་སྐམ་མམ་བཤང་བཀག་(constipation/便秘)གི་དཀའ་ངལ་ཡོད་དུས། ཤུགས་རྒྱག་ནས་ཆབ་ཆེན་མར་བཙིར་བ། ཡུན་རིང་པོར་སར་སྡོད་པའམ། དམིགས་བསལ་གྱིས་དགེ་འདུན་པ་ཚོ་འབོལ་གདན་མེད་པར་དཀྱིལ་ཀྲུང་གིས་སར་སྡོད་དུས་གཞང་སྒོར་གནོན་ཤུགས་ཐད་ཀར་དུ་སླེབས་ཀྱིན་ཡོད། དེ་ལྟའི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་གནས་ཁུལ་འདིའི་སྡོད་རྩའི་ནང་གི་ཁྲག་ཡར་རྒྱུག་མ་ཐུབ་པར་ལྷག་པས་སྡོད་རྩ་སྐྲངས་པའི་གནས་སྟངས་འདི་བྱུང་བ་རེད།

གོང་དུ་མདོ་ཙམ་ཞུས་ཟིན་པ་ལྟར། གཞང་འབྲུམ་ལ་ནང་མ་དང་ཕྱི་མ་གཉིས་ཡོད་པ་ལས་གཉེ་མའི་སྨད་ལ་འབྱུང་བ་དེར་གཞང་འབྲུམ་ནང་མ་(internal hemorrhoid/内痔)དང་། གཞང་སྒོའི་ཕྱི་མཐར་འབྱུང་བ་ལ་གཞང་འབྲུམ་ཕྱི་མ་(external hemorrhoid/外痔)ཟེར་བ་རེད། གཞང་འབྲུམ་ཕྱི་མ་ནི་ཅ་ཟིང་ཤོས་ཡིན་པ་སྟེ། གཞང་སྒོའི་ཉེ་འཁོར་གྱི་སྐྱི་པགས་ལ་ཟ་འཕྲུག་ལངས་པ་དང་ཤུན་པགས་དཔྲལ་བ་སོགས་འབྱུང་། གལ་སྲིད་གཞང་འབྲུམ་ཕྱི་མའི་ནང་ངོས་སུ་ཁྲག་ལིང་ཆགས་ན་དེས་ན་ཟུག་གློ་བུར་བ་དང་བཟོད་གླགས་མེད་པ་སྟེར་ཞིང་། གནས་ཁུལ་དེར་ཡང་ལཱ་སྤར་བ་ལྟ་བུའི་ཚ་སྣང་འབྱིན་པ་དང་།

གཞང་འབྲུམ་ནང་མ་ལ་སྤྱིའི་ཆ་ནས་ཁྲག་ཟགས་རུང་ན་ཟུག་མེད། གཅིག་བྱས་ན་སྐབས་རེར་ཁྱོད་ཀྱིས་གཙང་ཤོག་སྟེང་ཁྲག་འགོས་ཡོད་པའམ། ཡང་ན་ཆབ་ཆེན་སྟེང་ཁྲག་འགོས་ཡོད་པ་མཐོང་ཡོད་སྲིད། གཞང་འབྲུམ་ནང་མ་འདི་སྐབས་རེར་གཞང་སྒོའི་ཕྱི་ལ་རུད་ཡོང་བ་དང་། དེས་ཉེན་ཁ་ཆེ་བའི་གནས་སྟངས་འགའ་བསྐྱེད་སྲིད་པ་ཡིན། དེ་བས། གནས་སྟངས་འདི་འདྲ་བྱུང་ན་ངེས་པར་སྨན་པར་བསྟེན་ནས་བདག་གཅེས་བྱེད་དགོས།

གཞང་འབྲུམ་གྱི་ཆགས་བཀོད།

canalགཞང་འབྲུམ་ནི་ལུས་ཀྱི་ཕྱི་ངོས་(གཞང་སྒོ་)སམ་ཡང་ན་ནང་ངོས་(གཉེ་མའི་)སྟེང་གི་སྡོད་རྩར་གནོན་ཤུགས་ཐེབས་པ་ལ་བརྟེན་ནས་བྱུང་བའི་སྐྲང་འབུར་ཞིག་ཡིན།

གཞང་འབྲུམ་འདི་ཅི་ཞིག་གིས་བསྐྱེད་པ་ཡིན་ནམ།

constipationགཞང་འབྲུམ་གྱི་རྒྱུ་རྐྱེན་ཅི་ཡིན་ཐད་ཆེད་ལས་མཁས་པ་ཚོར་གཅིག་གྱུར་གྱི་འདོད་ཚུལ་ཞིག་མེད། ཡིན་ན་ཡང་རྒྱུ་རྐྱེན་ཁ་ཤས་ཤིག་གིས་ང་ཚོར་དཀའ་ངལ་འདི་བསྐྱེད་ཀྱིན་ཡོད། ཡོངས་གྲགས་ཀྱི་འདོད་ཚུལ་ལྟར་ན་གཞང་འབྲུམ་ནི་ཡུན་གནས་བཤང་བཀག་(constipation/便秘) དང་། ཆབ་ཆེན་གཏོང་དུས་ནན་གྱིས་བཙིར་བ། གསང་སྤྱོད་ནང་རྒྱུན་རིང་བོར་སྡོད་པ་སོགས་དང་འབྲེལ་ཆགས་ཡོད་པ་རེད། གོང་གི་གནས་སྟངས་ཚང་མས་གཞང་སྒོའི་མཚམས་ཀྱི་ཁྲག་ཡར་རྒྱུ་བར་གེགས་བྱེད་པ་ཡིན་པས། གནས་ཁུལ་དེའི་ཁྲག་རྩའི་ནང་ཁྲག་མང་དུ་བསགས་ནས་རྩ་ལམ་སྐྲངས་པར་བྱེད་ཀྱིན་ཡོད། གནས་བབ་འདིས་ང་ཚོར་སྦྲུམ་མ་ཚོར་དཀའ་ངལ་འབྱུང་བའི་རྐྱེན་ཅི་ཡིན་ཡང་ར་སྤྲོད་བྱེད་ཀྱིན་ཡོད་པ་སྟེ། བུ་སྣོད་ཇེ་ཆེར་སོང་ནས་གནས་ཁུལ་འདིའི་སྡོད་རྩར་གནོན་ཤུགས་ཐེབས་ཀྱིན་ཡོད།

ཉེ་བའི་ཞིབ་འཇུག་གྲུབ་དོན་ཁག་གིས་བསྟན་པ་ལྟར་ན། གཞང་འབྲུམ་ཡོད་མཁན་ཚོའི་གཞང་སྒོའི་ཤ་རྒྱུས་འཇམ་པོ་(ཤ་རྒྱུས་ལ་རིགས་གསུམ་ཡོད་པ་ལས་གཅིག)རྣམས་སྤྱི་ཡོངས་ཀྱི་མིའི་གཞང་སྒོའི་ཤ་རྒྱུས་ལས་དམ་པ་ཡོད་པ་དང་། དེའི་སྟེང་ལ་ཁོང་ཚོ་མང་ཆེ་བར་རྩྭ་སྐམ་མམ་བཤང་བཀཀ་གི་ཡོད་པས་དེས་དཀའ་ངལ་འདི་འབྱུང་རྒྱུའི་ཉེན་ཁ་ཇེ་ཆེར་བཏང་བ་རེད། ད་དུང་ལོ་ན་ཡར་སོན་རིམ་བཞིན་གཞང་སྒོའི་ཁུལ་གྱི་གཞང་འབྲུམ་སྐྱོར་མཁན་གྱི་དྲ་འབྲེལ་ཕུང་གྲུབ་(ཕུང་གྲུབ་ལ་རིགས་བཞི་ཡོད་པ་ལས་གཅིག་)ཀྱི་ཤུགས་ཟད་པས་གཞང་འབྲུམ་སྐྲངས་ཤིང་ཕྱིར་རུད་པའི་དཀའ་ངལ་འདི་འབྱུང་བ་རེད།

གཞང་འབྲུམ་བརྟག་ཐབས།

གཞང་འབྲུམ་ནི་རང་གི་འཕྲོད་བསྟེན་ལོ་རྒྱུས་དང་། ལུས་བཤེར་སྟབས་བདེ་རེ་བྱས་པས་ཤེས་སླ། གཞང་འབྲུམ་ཕྱི་མ་རྣམས་སྤྱིའི་ཆ་ནས་མངོན་གསལ་དོད་པོ་ཡིན་པ་མ་ཟད། དམིགས་བསལ་གྱིས་ཁྲག་རླིང་ཆགས་ཡོད་ཚེ་མིག་རྗེན་པས་མཐོང་ཐུབ་པ་རེད།

སྨན་པར་བསྟེན་པ་ཡིན་ན། སྨན་པས་ཆབ་ཆེན་ནང་ཁྲག་འདྲེས་མིན་དང་། དེ་བཞིན་འགྱིག་གི་སྦུ་གུ་ཆུང་ཆུང་ཞིག་གཞང་ལམ་ལ་བཅུག་ནས་བརྟག་ཀྱང་སྲིད་པ་རེད། གལ་སྲིད་ཆབ་ཆེན་ནང་ཁྲག་འདྲེས་པ་མངོན་ཚེ་དེའི་འབྱུང་རྐྱེན་འཚོལ་ཆེད་སྦུ་གུ་མཉེན་མོ་གཞན་ཞིག་བཀོལ་སྲིད་པ་ཡིན།

ལོ་ན་ལྔ་བཅུར་བརྒལ་བའི་སྐྱེས་མ་ཚོར་དམིགས་བསལ་གྱིས་བརྟག་དཔྱད་འདི་བྱེད་སྲིད་པ་ཡིན།

འདིའི་རྗེས་སུ་རང་ངོས་ནས་གཞང་འབྲུམ་སྨན་བཅོས་བྱེད་ཐབས་དང་། སྨན་པར་བསྟེན་ནས་གཞང་འབྲུམ་སྨན་བཅོས་བྱེད་ཐབས་སྐོར་བཤད་རྒྱུ་ཡིན།

རང་ངོས་ནས་གཞང་འབྲུམ་བཅོས་ཐབས།

གཞང་འབྲུམ་གྱི་ནད་རྟགས་ཕལ་ཆེ་བ་ཞིག་རང་ངོས་ནས་གསོ་བཅོས་སྟབས་བདེ་རེ་བྱས་པས་ཀྱང་ཕན་འབྲས་རྒྱ་ཆེན་པོ་ཐོན་ཐུབ། གཞང་འབྲུམ་སྐྲངས་པའི་ནད་རྟགས་སྔོན་འགོག་བྱེད་འདོད་ན་གཤམ་གྱི་ཐབས་ལམ་ཁག་བཀོལ་རོགས།

ཟས་ཉག་མང་པོ་ཟོས། (Get more fiber/取更多的纤维)

fiberཟས་ཉག་མོད་པའི་ཟས་རིགས་མང་ཙམ་བཟའ་དགོས། ཟས་ཉག་མང་བའི་ཟས་རིགས་ནི་འབྲུ་རིགས་དང་། མ་རྨོས་ལོ་ཏོག འབྲས་སོགས་ཡིན། ཡོངས་འདུས་འབྲུ་ཕྱེ་སྟེ། འབྲུ་རིགས་འཐག་དུས་འཚག་རྒྱབ་ནས་བུད་ཙེ་ཚང་མ་དོར་མེད་པའི་ཕྱེ་ནག་རིགས་ཧ་ཅང་བཟང། (<<གཅིན་སྙི་ནད་པའི་ཟས་སྤྱོད་བསྟེན་ཚུལ་>> ཅེས་པའི་དེབ་དེའི་ཤོག་ངོས་18 པར་གཟིགས།)

ཟས་ཉག་གིས་ང་ཚོའི་ཆབ་ཆེན་(སྐྱག་པ་)སྙི་མོ་དང་འཇམ་པོ་བཟོ་བ་ཡིན་པས་གཏོང་སླ་བ་དང་། གཞང་སྒོའི་མཚམས་སུ་གནོན་ཤུགས་ཐེབས་ཚད་ཧ་ཅང་དམའ་རུ་གཏོང་ཐུབ། ཤིང་ཏོག་ཕལ་ཆེ་བར་ཟས་ཉག་འདུས་ཚད་མཐོ་བོ་ཡོད་པས་དུས་རྒྱུན་ཤིང་ཏོག་རིགས་བཟའ་རྒྱུ་གལ་ཆེན་པོ་ཡིན།

ལུས་རྩལ་རྩེས། (Exercise/锻炼)

runཉིན་ལྟར་དུས་ཡུན་སྐར་མ་20-30 བར་ཁ་དབུགས་དྭངས་སར་རྒྱུག་མ་བགྲོད་ཀྱི་ལུས་རྩལ་རྩེས་པ་ཡིན་ན་དེས་ཆབ་ཆེན་དོར་བའི་བྱེད་ལས་ལ་ཕན་ཐོག་ཐུབ།

དུས་འགྱངས། (Take Time/需要时间)

ཆབ་ཆེན་འབབ་སྣང་ཤར་དུས་ལམ་སེང་གསང་སྤྱོད་པ་རྒྱུག་དགོས་པ་ལས་སྟབས་བདེ་དུས་ཤིག་ལ་སྒུག་མི་རུང་། དེ་ལྟར་བྱས་ཚེ་ཆབ་ཆེན་རང་འགུལ་གྱིས་ཕྱིར་བསྡུ་འགྲོ་བ་ཡིན་པས། གཞང་སྒོ་དང་གཉེ་མར་གནོན་ཤུགས་མང་པོ་ཐེབས་པ་རེད། ད་དུང་རང་གི་ཉིན་རེའི་བྱ་གཞག་ལ་ལྟོས་ནས་གསང་སྤྱོད་ལ་འགྲོ་རྒྱུས་དུས་ཚོད་ཅིག་གཏན་འཁེལ་བྱོས། དུས་ཚོད་དེར་ཆབ་ཆེན་ཡོད་མེད་གང་ལྟར་ཡང་གསང་སྤྱོད་ལ་སོང་ན་དུས་ཡུན་སྐར་མ་རེ་འགར་སྡོད། བཙིར་མི་རུང་། དེ་ལྟར་བྱས་ནས་དུས་ཡུན་གང་འཚམས་རྗེས་སུ་རྒྱུན་ཆགས་ཀྱི་ཆབ་ཆེན་འབབ་པའི་གོམ་གཤིས་ཤིག་གྲུབ་ཡོང་བ་ཡིན།

འཕོང་འཁྲུས། (Sitz/坐浴)

sitzའཕོང་དང་དཔྱི་འགོ་ཆུ་དྲོད་འཇམ་ནང་བྱིང་ནས་སྡོད་པའམ་འཁྲུས་བྱས་ན་དེས་གཞང་འབྲུམ་གྱིས་བསྐྱེད་པའི་ན་ཟུག་དང་ཟ་འཕྲུག་འཇོམས་པ་མ་ཟད། ཤ་རྒྱུས་ལྷོད་ལ་འབབ་པ་དང་། གཙང་སྤྲ་ལའང་ཕན། ནང་ལ་འཁྲུས་གཞོང་སོགས་ཀྱི་མཐུན་རྐྱེན་མེད་ཚེ་ཀ་ཏོ་ར་དང་རྐུང་བཅུག་ནས་སྡོད་ནའང་ཆོག ཆེད་ལས་མཁས་པ་ཚོས་བཤད་ན། ཆབ་ཆེན་ཕབ་ཐེངས་རེའི་རྗེས་སུ་དུས་ཡུན་སྐར་མ་ཉི་ཤུ་ཙམ་གྱི་རིང་ལ་འཕོང་འཁྲུས་བྱེད་པའམ། ཡང་ན་ཉིན་རེར་ཚར་གསུམ་རེར་བྱེད་དགོས་ཟེར། འཕོང་འཁྲུས་གྲུབ་མཚམས་སུ་འཕོང་དང་དཔྱི་འགོ་གཙང་མར་སྐེམ་དགོས།

བྱུགས་སྨན་བསྟེན། (Seek topical relief/寻求局部缓解)

emedtv_101637སྨན་པའི་སྨན་ཡིག་མི་དགོས་པར་ཉོ་ཆོག་པའི་གཞང་འབྲུམ་བྱུགས་སྨན་(hemorrhoid creams/痔疮膏) དག་ཏུ་ས་གནས་བཟི་སྨན་(local anesthetic/局部麻醉剂)འདུས་ཡོད་པས་དེས་གནས་སྐབས་རིང་ན་ཟུག་འཇོམས་ཐུབ། བྱུགས་སྨན་འདིའི་རིགས་ཀྱི་ནུས་པ་ཐོན་ཚད་ཧ་ཅང་ཡག་པོ་ཡིན་རུང་། འདིས་གཞང་སྒོའི་སྐྱི་པགས་ཞིག་ཟད་དུ་གཏོང་ངེས་པས་བསྟེན་ཐེངས་རེར་བདུན་ཕྲག་གཅིག་ལས་རིང་བར་བཀོལ་མི་རུང་། བྱིས་པའི་ཆབ་གདན་ལྟ་བུ་མིང་ལ་Witch hazel wipes (Tucks) /金缕梅湿巾 (Tucks) ཟེར་བ་དེའི་རིགས་ཀྱང་ཕན་ཐོག་པ་མ་ཟད། ཞོར་སྐྱོན་ཡང་མེད། གཞང་འབྲུམ་ཐོན་ནས་སྐྲངས་ཡོད་མཁན་ཚོར་མཚོན་ན་སྐར་མ་ཁ་ཤས་རིང་གཞང་སྒོར་འཁྱགས་པ་སྦྱར་བས་ཀྱང་སྐྲངས་པ་ཞི་ཞིང་ན་ཟུག་གཞོམ་ཐུབ། ད་དུང་རྐུབ་སྟེགས་མཁྲེགས་པོ་དང་། ས་ངོས་སུ་མ་སྡོད་པར་དུས་རྒྱུན་ནས་འབལ་གདན་ངམ་འབོལ་ཁྲིའི་སྟེང་བསྡད་ན་དེས་ཀྱང་གཞང་འབྲུམ་ཡོད་མཁན་ཚོར་ན་ཟུག་མི་བསྐྱེད་པར་ཕན་པ་མ་ཟད། མེད་མཁན་ཚོར་གཞང་འབྲུམ་མི་འབྱུང་བར་ཕན།

ཁྲག་ལིང་ལ་གསོ་བཅོས་བྱོས། (Treat the clot/把血)

གཞང་འབྲུམ་ཕྱི་མ་ཐོན་ནས་གཞང་སྒོར་ཁྲག་ལིང་ཆགས་པ་ཡིན་ན་དེས་ན་ཟུག་བཟོད་གླགས་མེད་པ་བསྐྱེད་ངེས། གལ་སྲིད་ཁྲག་ལིང་ཆགས་ནས་ཉིན་གཉིས་ལས་མང་བ་འགོར་ཡོད་ཚེགོང་དུ་གླེང་བའི་བཅོས་ཐབས་ཁག་བསྟེན་ནས་དྲགས་ཐབས་བྱོས། གལ་སྲིད་ཁྲག་ལིང་དེ་ཆགས་མ་ཐག་པ་ཙམ་མམ། ཉིན་གཉིས་འགོར་མེད་པ་ཡིན་ན་མྱུར་ཏུ་སྨན་པར་བསྟེན་ནས་སྟབས་ཧ་ཅང་བདེ་བའི་བཤགས་བཅོས་ཤིག་གིས་གཞང་འབྲུམ་བཅད་པའམ། ཡང་ན་སྡོད་རྩའི་ནང་ནས་ཁྲག་ལིང་ཕྱིར་འདོན་བྱེད་ཆོག

གཞང་འབྲུམ་ལ་སྨན་བཅོས་བྱེད་པའི་བརྒྱུད་རིམ།

rubber-band-ligationགཞང་འབྲུམ་རིགས་ཁ་ཤས་ཤིག་ནད་རྟགས་མུ་མཐུད་དེ་གནས་པའམ། ཡང་ན་གཞང་འབྲུམ་ནང་མ་ཕྱིར་ཐོན་པ་སོགས་ཀྱི་དབང་གིས་སྔ་མའི་བཅོས་ཐབས་སམ། སྲོལ་རྒྱུན་གྱི་བཅོས་ཐབས་ལ་བསྟེན་ནས་བཅོས་མི་ཐུབ། སྟབས་ལེགས་པ་ཞིག་ལ་སྲོལ་རྒྱུན་བཅོས་ཐབས་ཏེ། གཞང་འབྲུམ་གཅོད་འབྲེག་བྱེད་པ་ལྟ་བུའི་ན་ཟུག་སོགས་མེད་པའི་བཅོས་ཐབས་སྟབས་བདེ་ཁ་ཤས་ཤིག་ཡོད་པ་མ་ཟད། དེ་དག་གི་ནུས་པ་ཐོན་ཚད་ཀྱང་མགྱོགས་པ་ཡོད། བཅོས་ཐབས་འདི་དག་བཤགས་བཅོས་ཆེད་ལས་པའི་ལས་ཁུངས་སམ། ཡང་ན་ཞག་སྡོད་བྱེད་མི་དགོས་པའི་བཤགས་བཅོས་སྨན་ཁང་དུ་བྱེད་དགོས།

སྡོམ། ཨ་རིའི་ནང་གཞང་འབྲུམ་བཅོས་ཐབས་དར་ཁྱབ་ཆེ་ཤོས་ནི་འགྱིག་ཐག་གིས་སྡོམ་པ་དང་།

གཅོད་འབྲེག བཤགས་བཅོས་བྱས་ནས་གཞང་འབྲུམ་བཏོན་པ།

གཟེར་བཏབ་པ། དོན་དངོས་ཐོག་འདི་ནི་གཞང་འབྲུམ་འཚེམ་པའི་བརྒྱུད་རིམ་ཞིག་ཡིན།

གོང་གི་བརྒྱུད་རིམ་གསུམ་པོ་ནི་ཆེད་ལས་པས་ལག་བསྟར་བྱེད་རྒྱུ་ཞིག་ཡིན་པས་འདིར་ཞིབ་ཕྲ་ངོ་སྤྲོད་བྱས་མེད།

འདིར་སྣུན་ནས་གཞང་འབྲུམ་སྐོར་གྱི་རྒྱུན་ཤེས་འདི་འཕྲུལ་དེབ་ཐོག་ཕབ་ལེན་བྱེད་ཆོག

གཞང་འབྲུམ་དང་དེའི་འབྱུང་རྐྱེན།”སྐོར་ལ་མཆན་3འདུག

  • 2016-10-08 at 5:42 am
    Permalink

    གཞང་འབྲུམ་འདིར་བོད་ཚྭས་བཀྲུས་ན་ཤིན་ཏུ་ནས་ཕན་པ་མངོན་བསལ་དོད་པོ་ཡོད་པ་འདི་ཁུལ་དུ་མིག་མཐོང་ལག་ཟིན་རེད་འདུག

    Reply
  • 2017-01-15 at 11:33 pm
    Permalink

    སྨན་པས་བཤག་བཅོས་སོགས་བྱེད་ཐབས་དེས་གཞང་འབྲུམ་གཏན་འགོག་བྱེད་ཐུབ་བམ།
    གཞང་འབྲུམ་འབྱུང་བ་དུས་ཀྱི་ཆར་དབྱར་དགུན་ལ་ཁྱད་པ་ཨེ་ཡོད།

    Reply
    • 2017-01-15 at 11:38 pm
      Permalink

      བསྐྱར་འདྲི་
      གཞང་འབྲུམ་ནད་འདིས་ཕང་ཤ་རུད་པ་དང་། གཞང་ཁ་རུད་པ་སོགས་བྱེད་ཀྱིན་ཨེ་ཡོད།

      Reply

Leave a Reply

Your email address will not be published. Required fields are marked *