ལོ་ལོན་དང་གྲོགས་ཀྱི་ཁོར་ཡུག

ཀླད་པས་ང་ཚོའི་ལུས་སེམས་ཁྱོན་ཡོངས་ལ་དབང་བསྒྱུར་དང་། བཀོད་འདོམས། སྐབས་མང་པོ་ཞིག་ཏུ་”བསླུ་བྲིད་”ཀྱང་བྱེད་ཀྱིན་ཡོད། འདས་པའི་དུས་རབས་ཕྱེད་ཙམ་གྱི་རིང་ལ་ཚན་རིག་གི་ཁྱབ་ཁོངས་སྤྱིར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་པ་མ་ཟད། དེའི་ཉེར་ལེན་ལྟ་བུར་སེམས་ཁམས་རིག་པ་དང་། ཀླད་པའི་ཚན་རིག་གི་ཁྱབ་རྒྱ་ཇེ་ཆེ་དང་། གཏིང་ཇེ་ཟབ་ཏུ་སོང་ཡོད། ཚན་རིག་གི་འཕེལ་རྒྱས་དེ་དག་ལ་བརྟེན་ནས་ང་ཚོས་ད་ལྟའི་བར་དུ་ཤེས་རྟོགས་མ་བྱུང་བའི་ཕྱིའི་འཇིག་རྟེན་ལ་རྒྱུས་ལོན་ཧ་ཅང་ཆེན་པོ་བྱུང་ཐུབ་ཡོད་པ་ལ། ནང་བསམ་བློའི་ཆ་ནས་ཀྱང་སྔོན་གྱི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སྤྱིར་ན་ཚན་རིག་གི་ཁྱབ་ཁོངས་རྒྱ་ཆེ་བ་དང་། ཤེས་བྱའི་གནས་ཚད་གཏིང་ཟབ་མོད། འོན་ཀྱང་། ཚན་རིག་གི་དགོས་པ་ནི་ཤེས་བྱ་ཐམས་ཅད་མི་སྒེར་རེ་རེའི་ངོས་ནས་གོ་རྟོགས་ཐུབ་རྒྱུ་དང་། གོ་རྟོགས་དེ་ལ་བརྟེན་ནས་བདེ་འཇགས་དང་། ཡར་ཐོན། བདེ་སྐྱིད་བཅས་དོན་དང་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་པར་བྱེད་རྒྱུ་དེ་རེད།

aging n brainདེས་ན། གཤམ་འདིར་ང་ཚོས་དེང་གི་སྤྱི་ཚོགས་ཚན་རིག་པ་ཚོས་ཞིབ་འཇུག་བྱེད་ཀྱིན་པའི་གནད་དོན་གཅིག་ཏེ། གྲོགས་པོས་ང་ཚོའི་འཚོ་བར་ཕན་ཅི་ཞིག་ཐོག་གམ་ཟེར་བ་དེར་ངོ་སྤྲོད་མདོར་ཙམ་བྱེད། རྩོམ་པ་པོ་པཱེ་ཀཱར་པཱོབ་ཀྱིས་བྲིས་པའི་”What Are Friends For”ཞེས་པའི་རྩོམ་ཡིག་ཏུ་ཁོང་གིས་གྲོགས་པོའམ། གང་ལྟར་རོགས་པ་ཞིག་དང་མཉམ་དུ་ཡོད་དུས་ང་ཚོས་ལས་ཀ་དཀའ་མོ་ཞིག་བྱེད་རུང་དེ་ལ་དཀའ་སྣང་ཆེན་པོ་ཚོར་གི་མེད་པར་བཤད་འདུག་པ་དང་། དེའི་རྒྱབ་བརྟེན་དུ་ཁོང་གིས་ཨོསིཁྲུརེལིཡའི་ཉམས་ཞིབ་ཡིག་ཆ་ཞིག་ལུང་འདྲེན་བྱས་ཡོད། ཉམས་ཞིབ་དེར་སློབ་ཆེན་སློབ་མ་སྐོར་ཞིག་ལ་ལྗིད་ཚད་གཅིག་པ་ཡིན་པའི་འཁུར་བོ་རེ་འཁུར་དུ་བཅུག་རྗེས། ངོར་གཟར་བའི་རི་འགོ་ཞིག་ཏུ་འཛེག་རྒྱུར་གྲ་སྒྲིག་བྱེད་དུ་བཅུག་པ་དང་། སྐབས་དེར་ཁོང་ཚོས་སློབ་མ་དག་ལ་རི་འགོ་དེ་འཛེག་རྒྱུར་དཀའ་སྣང་ཡོད་མེད་བཅར་འདྲི་བྱས་པ་མ་ཟད། ཁོང་ཚོར་རི་འགོ་དེའི་གཟར་ཚད་གང་འདྲ་ཡོད་མེད་ཀྱི་ཚོད་རྩིས་བྱེད་ཆེད་རི་མོ་བྲིར་བཅུག་པ་རེད། དེའི་རྗེས་སུ་སློབ་མ་གཞན་སྐོར་ཞིག་ལ་ཡང་གོང་གི་འཁུར་བོ་དེ་དག་འཁུར་བཅུག་པ་དང་། ཁོང་ཚོར་མི་རེ་རེ་བཞིན་ཁེར་རྐྱང་དུ་རི་འགོར་འཛེག་རྒྱུར་གྲ་སྒྲིག་བྱེད་དུ་བཅུག  སྐབས་དེར་ཡང་གོང་མཚུངས་བཞིན་རི་བོ་དེའི་གཟར་ཚད་ཇི་འདྲ་ཡོད་མེད་ཀྱི་ཚོད་རྩིས་བྱེད་ཆེར་རི་མོ་བྲིས་འཇུག་པ་རེད། ཞིབ་འཇུག་པ་ཚོས་མཇུག་སྡོམ་བྱས་པ་ལྟར་ན། ཁེར་རྐྱང་དུ་འཛེག་མཁན་ཚོའི་རི་བོའི་གཟར་ཚད་སྔོན་དཔག་བྱས་པ་དེ་རི་བོ་དེའི་མ་གཞིའི་གཟར་ཚད་ལས་ཀྱང་གཟར་བ་དང་། རོགས་པ་སྐོར་ཞིག་མཉམ་དུ་རི་འཛེག་བྱེད་མཁན་ཚོས་མ་གཞིའི་གཟར་ཚད་ལས་གཟར་ཚད་ཆུང་བར་སྔོན་དཔག་བྱས་ཡོད་པ་རེད། ཉམས་ཞིབ་འདི་དང་འདྲ་བའི་ཞིབ་འཇུག་གཞན་ཁག་མང་པོ་ཞིག་གིས་ཀྱང་ཁ་གཅིག་གྲགས་ཀྱིས་གོང་གི་འདོད་ཚུལ་དེར་རྒྱབ་སྐྱོར་བྱས་ཤིང་། གྲོགས་ཀྱིས་ང་ཚོའི་ཀླད་པ་དང་། འདུ་ཤེས་འཛིན་སྟངས་ལ་དྲང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་པ་ཚན་རིག་གི་ཁུངས་སྐྱེལ་བྱས།

aging n friendདེ་ཙམ་དུ་མ་ཟད། ལོ་ན་རྒས་རིམ་བཞིན་དུ་ལོ་ལོན་ཚོའི་ཁོར་ཡུག་ན་བྱིས་པ་དང་། ཁྱིམ་མི་གཞན་སོགས་ཡོད་ན་དེས་རྒན་པའི་ཚེ་ཐག་ལ་ཐད་ཀར་རག་ལས་ཡོད་པ་འདོད་པ་རེད། གོང་གི་རྩོམ་པ་དེས་”སྤྱི་ཚོགས་འབྲེལ་བ་དམ་ཟབ་ཡོད་ན་དེས་ཀླད་པའི་བདེ་ཐང་ཡར་བསྐྱེད་བྱེད་ཐུབ་”ལུགས་བཤད་འདུག་པ་དང་། དེར་ཡང་ཚན་རིག་རང་བཞིན་གྱི་ཞིབ་འཇུག་མང་པོས་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད། ང་ཚོ་བོད་ལ་མཚོོན་ན་ལོ་ལོན་རྣམས་དགོན་པར་གླིང་སྐོར་དུ་འགྲོ་བ་དང་། མ་ཎི་གསོག་ས་སོགས་སུ་འདུ་འཛོམས་བྱེད་ན་ཧ་ཅང་ཕན་པས། ལ་ོ་ལོན་རྣམས་ཁེར་རྐྱང་དུ་གཏན་ནས་འཇོག་མི་རུང་།

ལོ་ལོན་དང་གྲོགས་ཀྱི་ཁོར་ཡུག”སྐོར་ལ་མཆན་2འདུག

  • 2016-05-22 at 3:02 pm
    Permalink

    ལོ་ངོ་སྟོང་ཕྲག་སོང་བའི་བོདཀྱི་གསོ་རིག་ལས་ཀྱང་དེ་དང་གཅིག་མཚུངས་གསུངས་ཡོད་དེ་ཡང་དཔལ་ལྡན་རྒྱུད་བཞི་ལས་༼རླུང་ལ་དྲོ་གསར་ཡིད་འོང་གྲོགས་བསྟེན་ཞིང༽ ཞེས་ལོ་ན་རྒས་པའི་མི་ལ་ལུས་བཟུངས་ཀྱི་སྟོབས་ཉམ་པའི་རྒྱུ་ཚན་གྱི་ལུས་ཁམས་ཀྱི་འབྱུང་བ་རླུང་གི་རང་བཞིན་མཐོ་རུ་འགྲོ་བ་དང་དེ་ལྟར་ཡུན་གང་ཙམ་སོང་རྗེས་རླུང་ཁམས་དང་ཐད་ཀར་འབྲེལ་བའི་སེམས་ཁམས་ལ་ཡང་ཕོག་དུག་འགྲོ་གྱི་ཡོད་པ་དེ་བོད་ཀྱི་གསོ་བ་རིག་པ་ལས་ཀྱང་གསུངས་ཡོད།འོན་ཀྱང་གོང་གི་རྩོམ་ཡིག་ནང་སྤྱི་ཚོགས་འབྲེལ་ལམ་གལ་ཆེ་བ་གཅིག་པུ་བྲིས་འདུག་པས་སྤྱི་ཚོགས་སྟེང་རང་ཉིད་དང་ལྟ་སྤྱོད་མཐུན་པ་དང་མི་མཐུན་པ་ལ་སོགས་པ་མང་པོ་ཞིག་ཡོད་པས་གཙོ་བོ་རང་ལ་བློ་དཀར་ལ་གཤིས་སྤྱོད་མཐུན་པའི་མི་དང་སྤྱི་ཚོགས་ལ་གྲོགས་དགོས་པ་གལ་ཆེན་པོ་ཡིན་འདིར་མ་འདྲ་ཞིག་ཡོད་པ་ནི་གསོ་བ་རིག་པ་ལས་ཡིད་འོང་གྲོགས་བསྟེན་ཞེས་པ་ཧ་ཅང་གལ་ཆེན་པོར་གསུངས་ཡོད།།

    Reply
  • 2016-05-22 at 3:11 pm
    Permalink

    ནོར་བཅོས་༼ རླུང་ལ་དྲོ་སར་ཡིད་འོང་གྲོགས་བསྟེན་ཞིང༽

    Reply

Leave a Reply

Your email address will not be published. Required fields are marked *