སྐྲ་ཡི་བདེ་ཐང་།

ཁྱོད་ལ་སྐྲ་དཀར་པོར་འགྱུར་བ་དང་། སྐྲ་ཤུད་པའི་དཀའ་ངལ་ཡོད་དམ། མི་མང་པོ་ཞིག་གིས་སྐྲ་དཀར་པོར་འགྱུར་བ་དང་། ཀླད་དམར་ཆགས་པ་བཅས་ཀྱི་དཀའ་ངལ་སེལ་ཆེད་བྱུགས་རྫས་དང་། སྨན་རྫས་སྣ་ཚོགས་བཀོལ་བཞིན་ཡོད། དེ་དག་ལས་མི་མང་པོ་ཞིག་གིས་རང་གི་སྐྲ་འཕྲོ་བརླག་བཏང་ཡོད་པ་མ་ཟད། མིག་དང་། སྐྱི་པགས་པ་ལ་གནོད་སྐྱོན་ཚབ་ཆེན་ཕོགས་པ་ཡོད་ཀྱང་། མི་མང་པོ་ཞིག་གིས་ད་དུང་ཡང་དཀའ་ངལ་འདིའི་སེལ་ཐབས་ཁྲོམ་རྭའི་ནང་གི་རྫས་འགྱུར་སྣ་ཚོགས་ལས་གྲུབ་པའི་བྱུགས་རྫས་སོགས་ལ་བསྟེན་ནས་སེལ་ཐབས་བྱེད་ཀྱིན་ཡོད། འོན་ཀྱང་། དོན་དངོས་ཐོག་སྐྲ་དཀར་པོར་འགྱུར་བ་དང་ཤུད་པའི་དཀའ་ངལ་འདི་དག་ཅི་ཞིག་ལ་བསྟེན་ནས་ཡོང་བ་ཡིན་ནམ། བོད་ལུགས་གསོ་བ་རིག་པས་འདི་ལ་འགྲེལ་བཤད་དང་། སེལ་ཐབས་ཅི་ཞིག་བསྟན་ཡོད་དམ།

སྨན་པ་བྱང་པ་ངག་དབང་ཚེ་རིང་ལགས་ཀྱིས་བོད་ལུགས་གསོ་བ་རིག་པའི་ཐོག་ནས་སྐྲ་ཡི་བདེ་ཐང་དང་། གལ་ཆེའི་རང་བཞིན། སྐྲ་དཀར་པོར་འགྱུར་བ་དང་། སྐྲ་ཤུད་པའི་རིགས་ཀྱི་དཀའ་ངལ་འདི་ཇི་ལྟར་སེལ་མིན་ཐད་གཞུང་ལུགས་དང་ལག་ལེན་གཉིས་ཀས་ཐོག་ནས་འགྲེལ་བརྗོད་ཞིབ་ཚགས་ཤིག་གནང་ཡོད་པས། ཁྱེད་ལ་སྐྲ་དང་འབྲེལ་བའི་དཀའ་ངལ་ཡོད་ན་འདིར་ངེས་པར་གསན་རོགས།

སྨན་པ་བྱང་པ་ངག་དབང་ཚེ་རིང་ལགས་ནི་ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་ནས་བསླབ་པ་མཐར་སོན་ཞིང་། ད་ཆ་ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྨན་པས་ཕྱག་ལས་གནང་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *