ཅི་ཞིག་ལ་བྱ་ཡམས་ཟེར།

ནང་དོན།

གཅིག ཅི་ཞིག་ལ་བྱ་ཡམས་ཟེར།

སྒྱུར་མཁན། སྨན་པ་རྒྱ་མཚོ།

བྱ་ཡམས་ནི་བྱ་བྱིའུ་ལ་བྱུང་བའི་ཆམ་ཡམས་ཞེས་པའི་བསྡུས་ཚིག་ཡིན་ལ། ཡམས་གསར་ཀ་བའི་ནད་དུག་ཀྱིས་བསྐྱེད་པའི་བྱ་བྱིའུ་ཡི་འགོས་ནད་ཅིག་རེད། བྱ་རིགས་ཕན་ཚུན་ལ་འགོས་ཁྱབ་སླ། སྔོན་ཆད་ཁྱིམ་བྱའི་རིམས་ནད་ཅེས་ཟེར། བྱ་བྱིའུ་ལ་ནད་དེ་འགོས་ཁྱབ་བྱུང་ཚེ་ཤི་བའི་ཚད་ཧ་ཅང་མཐོ།

གཉིས། ཅི་ཞིག་ལ་བྱ་ཡམས་H7N9མི་ལ་འགོས་པ་ཟེར།

ཆམ་ཡམས་ནད་དུག་ལ་དབྱེ་ན་མཐོ་རིམ་པ་དང་དམའ་རིམ་པ། ལོག་པའི་རིམ་པ་བཅས་རིགས་ཆེན་པོ་གསུམ་ཡོད། དེ་ལས་མཐོ་རིམ་པའི་བྱ་ཡམས་ནི་རྒྱུ་H5དང་H7དུག་ཀ་བ་ཕལ་བས་བསྐྱེད་པའི་ནད་ཅིག་རེད། བྱ་ཡམས་མཐོ་རིམ་ཅན་ནི་བྱ་རིགས་ལ་འགོས་ཁྱབ་དང་ཉེན་ཁ་ཆེ་བ། ཤི་བའི་ཚད་ཀྱང་མཐོ། འཛམ་གླིང་སྲོག་ཆགས་འཕྲོད་བསྟེན་ཚོགས་པས་Aརིགས་ཀྱི་སྲོག་ཆགས་རིམས་ནད་ལ་བཞག་ཡོད།

མི་ལ་འགོས་པའི་H7N9བྱ་ཡམས་ནི་རྒྱུ་H7N9བྱ་ཡམས་ཀྱི་ནད་དུག་ཕལ་བས་བསྐྱེད་པའི་མྱུར་མགྱོགས་ཅན་གྱི་དབུགས་ལམ་གཉན་ཚད་ཅིག་ཡིན། ཆམ་གསར་གྱི་H7ནད་དུག་དེ་སྤྱིར་ན་བྱ་རིགས་ཕན་ཚུན་བར་ལ་འགོ་བའི་ཆམ་ཡམས་ནད་དུག་ཡིན། ཆམ་ཡམས་ནད་དུག་(H7N9)ནི་H7ནད་དུག་གི་དབྱེ་བ་ཆེན་པོ་ལས་ཕལ་བའི་ཚོགས་པའི་ཁོངས་སུ་གཏོགས།

གསུམ། བྱ་ཡམས་ནད་དུག་ཅིའི་ཕྱིར་མི་ལ་འགོས་པ།

ད་ལྟའི་བར་དུ་མི་ལ་འགོས་པའི་ནད་དུག་གི་ཕྱིར་མངོན་བྱུང་ཚུལ་གསལ་བོ་མེད་པས་ང་ཚོར་ད་ལྟའང་གོང་གསལ་གནད་དོན་ལ་ལན་ཁ་གསལ་མེད། འོན་ཀྱང་ནད་དུག་གི་རྒྱུད་རྒྱུ་དབྱེ་ཞིབ་གསལ་བཤད་བྱས་པར། ནད་དུག་དེ་ཡང་རྒྱུ་བྱ་ཡམས་ནད་དུག་ལས་ངོ་བོ་འགྱུར་ནས་འོངས་པ་ཞིག་རེད། ཡིན་ནའང་འོ་འཐུང་སྲོག་ཆགས་ཀྱི་ལུས་སུ་འཚོ་ཐུབ་པའི་མངོན་རྟགས་བྱུང་། དེ་བཞིན་འོ་འཐུང་སྲོག་ཆགས་ཕྲ་ཕུང་དང་འབྲེལ་འབྱོར་གྱི་ནུས་པ་འདུག དེ་མ་ཟད་འོ་འཐུང་སྲོག་ཆགས་ཀྱི་ཕུང་པོའི་དྲོད་ཚད་ལས་སྐྱེ་སྲིང་བྱེད་ཐུབ།

བཞི། མི་ལ་བྱ་ཡམས་ཇི་ལྟར་འགོས་པ་རེད།

བྱ་ཡམས་ནད་དུག་དེ་ཟས་ལམ་དང་དབུགས་ལམ་བརྒྱུད་ནས་མིའི་ལུས་ལ་འགོ་བས། མིའི་རིགས་ཀྱིས་ཐད་ཀར་བྱ་ཡམས་འགོས་པའི་ཁྱིམ་བྱ་སོགས་ལ་ཐུག་པ་དང་། བྱ་སྐྱག་དང་བྱ་ཡམས་ནད་དུག་ལ་ཐད་ཀར་རེག་པས་འགོས་བར་བྱེད། ལྦུ་བ་དང་ཐལ་རྡུལ་སོགས་དབུགས་ལམ་བརྒྱུད་ནས་འགོས་པ། ཐད་ཀར་ནད་དུག་ངེས་ཅན་ཞིག་ཡོད་པའི་དངོས་པོ་དང་ཁྱིན་བྱའི་བྱ་སྐྱག བྱ་སྒྲོ དབུགས་ལམ་གྱི་ཐལ་རྡུལ་དང་ཁྲག་སོགས་མིག་ལྕིབས་དང་པགས་པ་རལ་བའི་གནས་ལས་ཀྱང་འགོ་ཐུབ།

ལྔ་། མི་ལ་H7N9གཉན་ཚད་ཀྱི་བྱ་ཡམས་འགོས་པར་ནད་རྟགས་གང་དག་ཡོད་པ།

མིའི་རིགས་ལ་H7N9གཉན་ཚད་ཀྱི་བྱ་ཡམས་འགོས་རྗེས། ནད་མཆེད་སྐྱེན་པ། ཐོག་མའི་དུས་ཀྱི་ནད་རྟགས་ནི་སྤྱིར་བཏང་གི་ཆམ་པ་དང་མཚུངས། མངོན་རྟགས་གཙོ་བོ་ཚ་བ་རྒྱས་པ་དང་མང་ཆེ་བར་དྲོད་ཚད་39℃ཡན་ཡིན་པ། མུ་མཐུད་དུ་ཉིན་1~7ཕྱིན་པ། ཕལ་ཆེར་ཞིག་ཉིན་3~4ལ་ཚ་བ་རྒྱས་པ། སྣ་ཆུ་འཛག་པ་དང་མཚུལ་འགག་པ། གློ་ལུ་བ། མིད་པ་དང་མགོ་བོ་ན་བ། ལུས་ཡོངས་མི་བདེ་བ། ཁ་ཤས་ལ་ཞེན་པ་ལོག་པ་དང་ཕོ་བ་ན་བ། འཁྲུ་བ། ཆུ་ལྟར་བཤལ་བ་སོགས་མ་ཞུ་བའི་ནད་རྟགས་མངོན་པ། གོང་གསལ་མ་ཡིན་པར། མཐོ་རིམ་བྱ་ཡམས་ཀྱིས་གཉན་ཁ་རྒྱས་པའི་ནད་པ་ལྕི་མོའི་རིགས་ལ་ད་དུང་གློ་ནད་དུ་གྱུར་བ། དབུགས་འབྱིན་རྔུབ་མི་ཐུབ་པ་དང་ཐ་ན་ཤི་བའང་ཡོད།

དྲུག H7N9ནད་དུག་དེས་དྲོད་ཚད་མཐོན་པོ་ལ་བཟོད་བསྲན་ཐུབ་བམ།

H7N9ནད་དུག་དེ་དྲོད་ཚད་༤℃ཁོར་ཡུག་ནང་དུ་ཟླ་གཅིག་ལ་འཚོ་ཐུབ་པ་དང་། དྲོད་ཚད༦༠℃ནང་དུ་སྐར་མ་སུམ་ཅུ་ལ་འཚོ་ཐུབ། དེ་བཞིན་དྲོད་ཚད་༡༠༠℃སྐབས་སྐར་གཉིས་ཀྱི་ནང་དུ་ནད་དུག་དེ་གསོད་ཐུབ།

བདུན། ད་དུང་ཡང་བྱ་སྒོང་སོགས་ཀྱི་རིགས་བཟའ་ཆོག་གམ།

འཁྱག་སྒམ་ནང་དུ་H7N9ནད་དུག་གསོད་ཐུབ་བམ། ཡམས་གསར་ནད་དུག་དེ་གྲང་ངར་ལ་ཚོར་བ་སྐྱེན་པོ་མེད། རང་བྱུང་གི་ཁོར་ཡུག ལྷག་པར་བསིལ་ངད་དང་བརླན་གཤེར་གྱི་གནས་སུའང་ཡུན་རིང་བོར་འཚོ་ཐུབ། འོན་ཀྱང་དྲོད་ཚད་མཐོན་པོ་དང་ཉི་དུག དུག་སེལ་གྱི་སྨན་ཀུན་ལ་ཚོར་བ་སྐྱེན་པོ་ཡོད། དེའི་ཕྱིར་ཚད་ལྡན་གྱི་ཐོན་ཁུངས་དང་ཚད་ལྡན་གྱི་ཞིང་ལས་ཚོང་རྭར་བྱ་སྒོང་རིགས་ཉོ་རྒྱུ་དང་དྲོད་ཚད་མཐོན་པོས་ལས་སྣོན་དང་བཙོས་ཡོད་པ་དག་བློ་བདེ་བོ་བྱས་ནས་སྤྱོད་ཆོག

བརྒྱད། H7N9ནད་དུག་དེ་མི་ལས་མི་ལ་འགོའམ།

བརྒྱུད་རིམ་ལྟར་ན་ད་ལྟའི་བར་དུའང་ཞིབ་འཇུག་པས་H7N9ནད་དུག་དེ་མི་ནས་མི་ལ་འགོས་པའི་སྐོར་ནི་མངོན་གསལ་གསར་རྟོགས་བྱུང་མེད། དེ་བས་ན་ཧ་ཅང་རྒྱ་ཁྱབ་ཏུ་འགྲོ་མི་སྲིད་པས་ཚང་མས་འཇིགས་སྣང་དེ་ཙམ་བྱེད་མི་དགོས།

དགུ ད་ལྟར་མི་ལ་འགོས་པའི་H7N9བྱ་ཡམས་ལ་འགོག་སྨན་ཡོད་དམ།

ད་ལྟའི་བར་དུའང་འཛམ་གླིང་ལ་H7N9བྱ་ཡམས་ནད་དུག་ལ་ཆེད་དུ་དམིགས་པའི་འགོག་ཅིག་སྨན་མེད།

བཅུ། མི་ལ་འགོས་པའི་H7N9བྱ་ཡམས་འགོག་བཅོས་ཀྱི་གནད་འགག་གང་ཡིན་ནམ།

མི་ལ་འགོས་པའི་H7N9བྱ་ཡམས་འགོག་བཅོས་ལ་གནད་འགག་ནི་“སྔ་བ་བཞི་”ཡིན་ཏེ། ནད་ཤེས་སྔ་བ། ཡར་ཞུ་སྔ་བ འགོག་སྲུང་སྔ་བ། སྨན་བཅོས་སྔ་བའོ།།

ནད་ཤེས་སྔ་བ་ནི་རང་ཉིད་དང་མཐའ་འཁོར་གྱི་མི་ལ་ཚ་བ་བརྒྱབ་པ། ལུ་བ། དབུགས་འཚངས་པ། ལུས་ཡོངས་ལ་ན་ཟུག་བྱེད་པའི་ཚེ་གློ་བུར་བུ་སྨན་ཁང་དུ་བསྟན་དགོས།

ཡར་ཞུ་སྔ་བ་ནི། སུ་ལའང་H7N9ནད་དུག་འགོས་ཁྱབ་བྱུང་ཡོད་པ་དང་དེ་དག་རིགས་འདྲའི་ནད་ཡོད་ཚེ་གློ་བུར་དུ་ས་ཁུལ་དེའི་འཕྲོད་བསྟེན་སྡེ་ཁག་དང་རིམས་འགོག་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།

འགོག་སྲུང་སྔ་བ་ནི་H7N9ནད་དུག་གི་བྱ་ཡམས་འགོས་ཁྱབ་བྱུང་ཡོད་པ་དང་དེ་དང་རིགས་འདྲའི་ནད་སུ་ལ་བྱུང་ཚེ་སྐབས་དེར་འགོག་སྲུང་བྱེད་དགོས། དེ་དང་འབྲེལ་བ་དམ་ཟབ་ཡོད་པའི་རིགས་ལའང་འགོག་སྲུང་བྱེད་དགོས་པ་དང་གསོ་རིག་ལྟར་ལྟ་རྟོག་བྱེད་དགོས། ཡམས་རིམས་དར་ཁྱབ་ལ་སྔོན་འགོག་བྱེད་དགོས།

སྨན་བཅོས་སྔ་བ་ནི། མི་ལ་H7N9ནད་དུག་འགོས་ཁྱབ་དུ་སོང་བར་ངོས་འཛིན་བྱས་རྗེས་མྱུར་སྐྱོབས་འགོ་འཛུགས་རྒྱུ་དང་། ཁྱད་པར་དུ་ལུས་ལ་གཅོང་ནད་རིགས་ཡོད་པའི་ནད་པར་སྨན་བཅོས་ཆེས་སྔ་མོ་ནས་བྱེད་དགོས། ནད་དུག་ལ་སྨན་བཏང་བའི་རིགས་དང་སྨན་བཅོས་ཐོག་ཏུ་འབབ་པར་གསོ་ཐབས་གལ་ཆེ། དེ་འདྲ་བྱས་ཚེ་མང་ཆེ་བ་དྲག་བསྐྱེད་བྱུང་ངེས།

བཅུ་གཅིག ནམ་རྒྱན་མི་ལ་འགོས་པའི་H7N9བྱ་ཡམས་ལ་ཇི་ལྟར་སྔོན་འགོག་བྱེད་དགོས།

༡ བདེ་ཐང་གི་འཚོ་བ་རོལ་སྟངས་ནི་ནད་དུག་སྔོན་འགོག་བྱེད་པར་ཧ་ཅང་གལ་ཆེ། ལོ་རེར་ཆམ་གསར་ལ་འགོག་སྨན་རྒྱག་པ་དང་ནམ་རྒྱུན་ལུས་རྩལ་ལ་རེམ་པ། ངལ་གསོ་མང་བོ་རྒྱག་པ་དང་ངལ་བ་ཆེམ་པོ་ལ་འཛེམས་པ། ཐ་མག་མི་འཐེན་པ། ལག་པ་བཀྲུ་བ་ལ་འབད་པ། རང་ཉིད་ཀྱི་འཕྲོད་བསྟེན་ལ་གཟབ་པ། ཧབ་སྦྲིད་དང་ལུ་བའི་དུས་སུ་ཁ་རས་གྱོན་དགོས།

༢ ཟ་བཏུང་འཕྲོད་བསྟེན་ལ་གཟབ་དགོས་པ།

མང་ཚོགས་ཀྱིས་འདབ་ཆགས་ཀྱི་ཟས་རིགས་གསར་ལ་བསིལ་བའི་དཀར་ལེབ་དག་ཉོ་རྒྱུ་དང་། བྱ་ཤའི་རིགས་དང་སྒོང་རིགས་བཟའ་བ་ལ་ངེས་བར་དུ་ཚོས་ཡོད་པ། ལས་སྣོན་དང་གསོག་འཇོག་བྱེད་སྐབས་གསོན་པོ་དང་ཚོས་མ་གཉིས་ཁ་ཁར་འཇོག་པ།   འཕྲོད་བསྟེན་ལེགས་པོ་འོངས་པར་གོམས་གཤིས་ཆགས་དགོས། བྱ་བྱིའུ་གསོན་པོ་དང་ཤི་བའི་རིགས་ལ་མི་ཐུག་པ། བྱ་རིགས་ཀྱི་ཚོང་རྭ་དམར་རྗེན་དུ་མི་གཏོང་བ།

༣ ཁྱིམ་ནང་གི་གཙང་སྦྲ་རྒྱུན་སྐྱོང་བ། ས་གདན་གཙང་སྦྲ་བྱེད་པ། གཙང་སྦྲ་དཀའ་བའི་ས་གདན་རིགས་མི་སྤྱོད་པ། ཁང་ཁྱིམ་གྱི་སྟེང་འོག་དང་ཁྱིམ་ཆས། མཁར་ངོས་སོགས་སུ་གཙང་སྦྲ་རྒྱུན་སྐྱོང་བ། འོག་ཆུ་ཤར་རྒྱུག་ཡིན་པ། ཁྱིམ་ནང་གི་མཁའ་དབུགས་རྒྱུ་བ་ཡངས་པོར་རྒྱུན་སྐྱོང་བ། ཉིན་རེར་སྒེའུ་ཐེངས་གཉིས་ལ་ཕྱེ་བ། ཐེངས་རེར་སྐར་བཅུ། མཁའ་དབུགས་བརྗེ་ལེན་རྒྱུན་སྐྱོང་བ། མཁའ་དབུགས་རྒྱུ་བ་མི་བཟང་བའི་གནས་སུ་མི་འགྲོ་བ།

༤ འཚོ་བའི་ཡོ་ཆས་ལ་དུག་སེལ་བྱེད་རྒྱུ་དོ་སྣང་ཡོད་པ། བྱ་ཡམས་ཀྱི་ནད་དུག་དེ་དྲོད་ཚད་ལ་བཟོད་བསྲན་མེད། དྲོད་ཚད་100℃ནང་དུས་སྐར་གཅིག་གི་ནང་དུ་གསོད་ཐུབ།

༥ གལ་ཏེ་ཚ་བ་རྒྱབ་པ་དང་དབུགས་ལམ་དུ་ནད་རྟགས་ཡོད་ཚེ། ལམ་སང་ཁ་རས་གྱོན་པ་དང་། གང་མགྱོགས་ཀྱིས་སྨན་པ་བསྟེན་པ། དེ་མ་ཟད་སྨན་པ་ལ་ཡུལ་སྐོར་དུ་སོང་མིན་དང་བྱ་སྐྱག་ལ་རེག་ཐུག་བྱས་ཡོད་མེད་བཤད་དགོས།

༦ གལ་ཏེ་ནད་འགོས་ཚེ་སྨན་པའི་གསུང་བཞིན་གསོ་བཅོས་དང་སྨན་བསྟེན་པ། ངལ་གསོ་མང་པོ་བྱེད་པ་དང་ཆུ་མང་པོ་བཏུང་བ། རང་ཉིད་ཀྱི་འཕྲོད་བསྟེན་ལ་གཟབ་དགོས།

བཅུ་གཉིས། ཤ་ཟ་བའམ་ཁྱིན་བྱའི་ཤ་ཟ་བ། ཕག་ཤའི་ཐོན་རྫས་དག་བདེ་འཇག་ཡིན་ནམ།

རྒྱུན་ལྡན་གཡོས་སྐོལ་བྱས་པའི་ཤ་ནི་བདེ་འཇག་ཡིན། ཆམ་ཡམས་ཀྱི་ནད་དུག་དྲོག་ཚད་མཐོན་པོས་འཇོམས་པར་བྱེད་ཕྱིར་རྒྱུན་ལྡན་ཟས་གཡོས་སྐོལ་གྱིས་གསོད་ཐུབ། ཡམས་རིམས་འགོས་ཁྱབ་ས་ཁུལ་དུའང་ཤ་རིགས་ཀྱི་ཐོན་རྫས་རྣམས་རྒྱུན་ལྡན་གཡོས་སྐོལ་གྱི་གནས་ཚུལ་ནི་བདེ་འཇག་ཡིན། འོན་ཀྱང་། ནད་ཀྱིས་ཤི་བའམ་སྤྱིར་ཤི་ཤ་ཟ་མི་རུང་།

སྒྱུར་མཁན། སྨན་པ་རྒྱ་མཚོ།

བསྒྱུར་གཞི། H7N9禽流感防控健康教育知识

Leave a Reply

Your email address will not be published. Required fields are marked *