ང་ཚོའི་སྐོར།

བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་ནི་འཕྲོད་བསྟེན་ཚན་རིག་ཤེས་བྱ་ཁོ་ན་ཁྱབ་སྤེལ་དང་། སྤྱི་ཚོགས་འཕྲོད་བསྟེན་བྱ་བ་ཁོ་ནར་ཞིབ་འཇུག་བྱེད་པའི་བོད་ཡིག་དྲ་ཚིགས་ཐོག་མ་དང་གཅིག་པུ་དེ་ཡིན། ངེད་དྲ་བ་ནི་གཞུང་དང་། ཚོགས་སྡེ། ཆོས་ལུགས། ཁེ་ལས་དང་ཁེ་ལས་མ་ཡིན་ཚོགས་སྡེ་གང་གི་ཡང་ཁོངས་སུ་མི་གཏོགས་པའི་སྒེར་གཉེར་བོད་ཡིག་དྲ་ཚིགས་ཤིག་ཡིན།

ང་ཚོས་ཅི་ཞིག་སྒྲུབ་བཞིན་ཡོད་དམ་ཞེ་ན།

བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་ནི་བོད་ཁུལ་ཏུ་དེང་རབས་འཕྲོད་བསྟེན་ཚན་རིག་ཤེས་བྱ་ཁོ་ན་ཁྱབ་སྤེལ་བྱེད་མཁན་གྱི་བོད་ཡིག་དྲ་ཚིགས་ཐོག་མ་དང་གཅིག་བུ་དེ་ཡིན། དྲ་ཚིགས་དང་། ཚགས་དེབ། བརྙན་བསྡུས། སྐུད་ལམ་དང་ཡུལ་དངོས་ཀྱི་འདུ་འཛོམས་བགྲོ་གླེང་སོགས་ཐབས་ལམ་སྣ་ཚོགས་པ་བརྒྱུད་ནས། ཞིང་ཆེན་དང་ལྗོངས་སོ་སོར་གནས་པའི་བོད་མི་སྒེར་དང་སྤྱི་ཚོགས་གཉིས་ཀར་ཐད་ཀར་འབྲེལ་བ་བྱེད་ཀྱིན་ཡོད། འགོས་ནད་དང་། འགོས་ནད་མ་ཡིན་པའི་ནད་རིགས་སྤྱི་དང་། བྱེ་བྲག་ཏུ་ཡང་གློ་བ་དང་། ཕོ་བ། མཆིན་པ། ཨེ་ཙི་སོགས་བོད་ཁུལ་དུ་ནད་ཡམས་བཞིན་ཁྱབ་བརྡལ་དུ་སོང་ཡོད་པའམ། འགྲོ་ཉེར་གྱུར་བའི་ནད་རིགས་སྐོར་ལ་དམིགས་སུ་བཟུང་ནས་གོ་རྟོགས་སྤེལ་ཐབས་བྱེད་ཀྱིན་ཡོད།

ཇི་ལྟར་སྒྲུབ་བཞིན་ཡོད་དམ་ཞེ་ན།

བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་(བསྡུས་མིང་ལ་TCHN) ནི་ང་རང་མི་སྒེར་གྱི་ངོས་ནས་དྭང་བླང་གིས་སྒྲུབ་བཞིན་པ་ཞིག་ཡིན། ངེད་ཀྱི་གྲོགས་པོ་ཚན་རིག་པ་རེ་ཟུང་གིས་འཕྲོད་བསྟེན་ཚན་རིག་ཤེས་བྱ་དང་ཞིབ་འཇུག་གི་ཁ་ཕྱོགས་སོགས་ལ་བློ་འདོན་དང་། ངེད་ཀྱི་དོགས་འདྲི་ཁག་ལ་ལན་གནང་བ་བཅས་ཀྱིས་ལམ་སྟོན་རོགས་སྐྱོར་གནང་བ་ཕུད། གཞུང་སྒེར་གང་རུང་ནས་མ་དངུལ་གྱི་མཐུན་རྐྱེན་སྦྱོར་བཞིན་མེད། ཆབ་སྲིད་དང་། ཆོས་ལུགས། ཚོགས་སྡེ་གང་ཞིག་གི་ཁོངས་སུའང་གཏོགས་མེད།

ཡིད་ཆེས་འཕེར་ཚད།

རྒྱལ་སྤྱིའི་ཁྱོན་ནས་ཁས་ལེན་དང་གདེང་འཇོག་ཐོབ་པའི་དངོས་ལུགས་གསོ་རིག་ཞིབ་འཇུག་སྡེ་ཁག་དག་གི་ཞིབ་འཇུག་གྲུབ་དོན་འབའ་ཞིག་ལ་གཞི་བཅོལ་བའི་འཕྲོད་བསྟེན་ཚན་རིག་ཤེས་བྱ་ཁོ་ན་ལས། དྲ་ཐོག་ཏུ་ཡོད་ཚད་དང་རྣ་བས་གོ་ཚད་བདེན་པར་བཟུང་ནས་ངོ་སྤྲོད་བྱེད་ཀྱིན་མེད། ངེད་ཀྱིས་ཁུངས་བཅོལ་སའི་ཨ་རིའི་ཞིབ་འཇུག་སྡེ་ཁག་དག་ནི།

ནད་རིགས་སྔོན་འགོག་ལྟེ་གནས། (Center for Disease Control / CDC)

ཨ་རིའི་གློ་བའི་མཐུན་ཚོགས། (American Lung Association)

ཨ་རིའི་མཆིན་པའི་ཐེབས་རྩ། (American Liver Foundation)

ཨ་རིའི་འཇུ་བྱེད་མ་ལག་མཐུན་ཚོགས། (American Gastroenterological Association (AGA)

ཨ་རིའི་གཅིན་སྙིའི་མཐུན་ཚོགས། (American Diabetes Association)

ཨ་རིའི་སྙིང་གི་མཐུན་ཚོགས། (American Heart Association)

དབྱིན་ཇིའི་གསར་འགྱུར་མཉམ་འབྲེལ། (BBC) སོགས་ཡིན།

ང་ཚོ་སུ་ཡིན་ནམ་ཞེ་ན།

TCHN Advisor
TCHN Advisor

དབང་རྩའི་ཚན་རིག་པ་དང་། ཨེ་མི་རི་གཙུག་ལག་སློབ་གཉེར་ཁང་གི་དབང་རྩ་དང་གཤིས་སྤྱོད་སྐྱེ་དངོས་ཚན་རིག་སྡེ་ཁག་གི་གཙོ་འཛིན་པཱོལ་ལེ་ནཱར་ཌི་ལགས། (བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་སློབ་སྟོན་པ།)  Dr. Paul Lennard, Director of the Neuroscience and Behavioral Biology Program of Emory University since its establishment in 1997. He taught neuroscience to Tibetan monks and nuns in 2007.

 

 

TCHN Advisor
TCHN Advisor

སྐྱེ་དངོས་ཚན་རིག་པ་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་སློབ་ཁྲིད་ཞིབ་འཇུག་སྡེ་ཁག་གི་སློབ་དཔོན་ཆེན་མོ། ཚན་རིག་དང་སྤྱི་ཚོགས་སྡེ་ཁག་གི་གཙོ་འཛིན་ཨཱ་རིས་ཨཱ་སན་ལགས། (བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་སློབ་སྟོན་པ།)           Dr. Arri Eisen, Professor of Pedagogy at Emory University and Director of the Science Society. He has been teaching biology to the Tibetan monks and nuns during every summer vacation since 2008. He can be reached through Emory University Website, or arri.eisen@emory.edu.

 

 

TCHN Advisor
TCHN Advisor

དངོས་ལུགས་གསོ་རིག་སྨན་པ་དང་། དངོས་ལུགས་དང་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་དང་སེམས་ཁམས་རིག་པར་ཞིག་འཇུག་པ་སྨན་པ་མཱར་ཋི་ནཱ་ལགས།   Dr. Martina Maerz is a general practice family doctor in Germany.  She received her MD in 2009 from Ludwig-Maximilians University Medical School in Munich.  She conducted her internship in clinical pharmacology and psychology focusing on the endocrinology of stress, and her postdoctoral fellowship at the department of integrative biology and physiology both at the University of Minnesota in the U.S.  (བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་སློབ་སྟོན་པ།)

 

 

TCHN Advisor
TCHN Advisor

མིའི་རིགས་རིགས་པའི་འབུམ་རམས་པ་དང་། བོད་ལུགས་གསོ་བ་རིག་པའི་རབས་འབྱམས་པ་ཋའོ་ནིས་ཋིཌི་ཝེལ་ལགས། (བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་སློབ་སྟོན་པ།)   Tawni Tidwell is completing her Ph.D. in Anthropology and Tibetan Medical Doctor (T.M.D.) degree in Tibetan Medicine. Her work focuses on biocultural conceptualizations and systems of knowledge regarding the human body, health and illness, and their relations and affects within environmental and social systems.  She is fluent in Tibetan and has deep knowledge about this project and its targeting population. She can be reached through Emory University Website or ttidwel@emory.edu. (བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་སློབ་སྟོན་པ།)

 

TCHN Project Manager
TCHN Project Manager

སྒོ་དམར་སངས་རྒྱས་བཀྲ་ཤིས། (བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་ལས་འཆར་འགན་འཛིན།)  Sangey Tashi, He attended high school in Tibetan Children’s Village (TCV) Schools and then joined Sarah College, the branch college of the Institute of Buddhist Dialectics at Dharamsala. After completing his studies, Sangey worked as the managing editor of Tibetan Science Journal at Library of Tibetan Works & Archives’ Science Department from 2006 to 2010. Accepting Emory University’s invitation, he came to the States to work on Science and Buddhism translation at Emory University from 2010 to end of year 2013.

ང་ཚོའི་སྐོར།”སྐོར་ལ་མཆན་13འདུག

  • 2015-08-27 at 4:33 am
    Permalink

    བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་གྱི་ལས་གནས་པ་ཡོངས་ལ་གུས་པས་འཚམ་འདྲི་ཞུ་བ་དང་ཆབས་གཅིག། ཁྱེད་རྣམ་པས་སྤྱི་ཚོགས་ལ་སྨན་པའི་མཛད་བཟང་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་ཡ་ཡིན། ངོས་ལ་དྲི་བ་ཞིག་ཡོད་པས་ལན་གསལ་ཁ་ཞིག་གནང་རོགས། གཞང་འབྲུམ་བཅོས་ཐབས་དང་། ཟས་སྤྱོད་བསྟེན་ཚུལ། ཅི་དང་གང་གི་དེ་ལ་གནོད་མིན། གཞང་འབྲུམ་གྱི་རིགས་དེང་སང་གཤག་བཅོས་བྱེད་སྲོལ་ཞིག་འདུག་པས་དེ་ལྟར་བྱེད་ན་ཉེན་ཁ་ཡོ་མེད། གང་གསལ་གསལ་ཞིག་གསུངས་རོགས་གནང་། བཀའ་དྲིན་ཆེ།

    Reply
    • 2015-08-27 at 2:13 pm
      Permalink

      པདྨ་ལགས་ངེད་དྲ་བར་ཕེབས་ནས་བསམ་ཚུལ་དང་དྲི་བ་འདོན་པར་ཐུགས་རྗེ་ཆེ་ཞུ། “གཞང་འབྲུམ་བཅོས་ཐབས་དང་། ཟས་སྤྱོད་བསྟེན་ཚུལ། ཅི་དང་གང་གི་དེ་ལ་གནོད་མིན། གཞང་འབྲུམ་གྱི་རིགས་དེང་སང་གཤག་བཅོས་བྱེད་སྲོལ་ཞིག་འདུག་པས་དེ་ལྟར་བྱེད་ན་ཉེན་ཁ་ཡོ་མེད།” སྐོར་མི་རིང་བར་འདོན་འཆར་ཡོད་པ་་མ་ཟད། གློག་དེབ་ཏུ་འདོན་རྒྱུ་ཡིན་པས། དུས་ལྟར་དྲ་བར་གཟིགས་རོགས།

      Reply
  • 2015-08-31 at 2:09 pm
    Permalink

    སྤྱི་ཚོགས་དྲ་བ་འདི་ཕན་ཐོག་ཆེན་པོ་འབྱུང་ངེས་རེད། ལྷག་པར་དུ་དེང་དུས་ཚན་རིག་གི་ཕྱོགས་ནས་བསྒྱུར་བཀོད་དང་དེ་མིན་དཔྱད་རྩོམ་སོགས་བཀོད་ན་ཧ་ཅང་ལེགས་སྙམ།

    Reply
  • 2015-09-22 at 10:12 am
    Permalink

    བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་སྟེང་འཕྲོད་བསྟེན་རྒྱུན་ཤེས་རིགས་སྤེལ་ཆོག་གམ།ཆོག་ན་སྤེལ་སྟངས་སོགས་གསལ་བཤད་ཞིག་གནང་རོགས།

    Reply
  • 2015-12-17 at 6:42 pm
    Permalink

    ལས་གཞི་འདི་དངོས་སུ་སྤྱི་ཚོགས་གནང་ལག་བསྟར་བྱ་ཐུབ་པ་ཡིན་ན་འཕྲོད་བསྟེན་དང་བདེ་ཐང་གི་སྐོར་ནས་གོ་རྟོགས་སྤེལ་བར་ཕན་ནུས་ཆེན་པོ་ཐོན་ངེས་པས། སེམས་གཏིང་ནས་རྟེན་འབྲེལ་ཞུ། འདྲེ་རིག་ལྡན་རིག་ཡག་ལགས།

    Reply
  • 2015-12-17 at 6:42 pm
    Permalink

    ལས་གཞི་འདི་དངོས་སུ་སྤྱི་ཚོགས་ནང་ལག་བསྟར་བྱ་ཐུབ་པ་ཡིན་ན་འཕྲོད་བསྟེན་དང་བདེ་ཐང་གི་སྐོར་ནས་གོ་རྟོགས་སྤེལ་བར་ཕན་ནུས་ཆེན་པོ་ཐོན་ངེས་པས། སེམས་གཏིང་ནས་རྟེན་འབྲེལ་ཞུ། འདྲེ་རིག་ལྡན་རིག་ཡག་ལགས།

    Reply
    • 2016-01-16 at 9:53 am
      Permalink

      ལས་གཞི་འདི་དངོས་སུ་སྤྱི་ཚོགས་ནང་ལག་བསྟར་བྱ་ཐུབ་པ་ཡིན་ན་འཕྲོད་བསྟེན་དང་བདེ་ཐང་གི་སྐོར་ནས་གོ་རྟོགས་སྤེལ་བར་ཕན་ནུས་ཆེན་པོ་ཐོན་ངེས་པས། སེམས་གཏིང་ནས་རྟེན་འབྲེལ་ཞུ།

      Reply
  • 2016-09-24 at 2:18 pm
    Permalink

    དེང་བོད་ཕྱི་ནང་གཉིས་སུ་ཁྲག་རིགས་དཀར་པོའི་ན་ཚ་ན་མཁན་མང་པོ་ཞིག་བྱུང་དང་འབྱུང་བཞིན་སྟབས། སྨན་བཅོས་ཐད་ལ་འགྲོ་གྲོན་ཧ་ཅང་ཕོན་ཆེན་པ་དེ་འདྲ་ཡིན་སྟབས། ནད་དེའི་འབྱུང་རྐྱེན་དང་། ནད་དེ་བྱུང་ཡོད་པའི་མིས་ཟས་རིགས་འཛེམ་དགོས་པ་དེ་འདྲ་ཡོད་མེད་སྐོར་ནས་ལམ་སྟོན་ཞིག་གནང་རོགས་ཞུ།

    Reply
  • 2016-09-24 at 2:19 pm
    Permalink

    ད་དུང་ཁྲག་རིགས་དཀར་པོའི་ནད་དེ་སྔོན་འགོག་བྱེད་སྟངས་ཀྱི་སྐོར་ནས་ཀྱང་ལམ་སྟོན་ཞིག་གནང་རོགས།

    Reply
  • 2016-12-17 at 3:04 pm
    Permalink

    ཁྱེད་ཚོར་འབྲེལ་བ་ཅི་ལྟར་བྱ་དགོས།ཡང་ན་ (མི་མངོན) འདིར་ཁྱེད་ཚོའི་འབྲེལ་གཏུགས་བྱེད་ཐབས་ཞིག་བསྐུར་རོགས་ཞུ།

    Reply
    • 2017-01-06 at 4:27 am
      Permalink

      ཁྲི་དཀོན་ལགས། ང་ཚོར་སྐད་འཕྲིན་བརྒྱུད་ནས་འབྲེལ་བ་གནང་ཆོག སྐད་འཕྲིན་ཁ་བྱང་འདི་ཡིན། Vulture236

      Reply

Leave a Reply

Your email address will not be published. Required fields are marked *