ང་ཚོའི་དུས་དེབ།

eBooks-II

གཅིན་སྙི་ནད་པའི་ཟས་སྤྱོད་བསྟེན་ཚུལ།

དུས་དེབ་འདིས་ཁྱེད་ལ་གཅིན་པ་མངར་འགྱུར་གྱི་ནད་དང་། དེའི་འབྱུང་རྐྱེན། སྔོན་འགོག་བྱེད་ཐབས། གལ་སྲིད་གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་ན་དེར་ཟས་སྤྱོད་སྨན་གསུམ་ལ་བསྟེན་ནས་གསོ་བཅོས་དང་བདག་སྐྱོང་བྱེད་ཐབས་སོགས་གོ་བདེའི་ལམ་ནས་འགྲེལ་ཡོད། འདིར་འཁོར་གནས་ཚུལ་ཚང་མ་ཚན་རིག་ཞིབ་འཇུག་གི་གྲུབ་དོན་ཁོ་ནར་གཞི་བཅོལ་ནས་བྲིས་ཡོད་པ་དེ་ལྟར་ཡང་། ཆད་ལྷག་ནོར་གསུམ་གྱི་གནས་ཚུལ་མཆིས་ཚེ་དུས་་ལྟར་ང་ཚོར་ལམ་སྟོན་གནང་རོགས་ཞུ། (འདིར་སྣུན་ནས་ཕབ་ལེན་བྱོས། Click here to download)


eBooks-I

ང་ཚོ་རྩ་མེད་གཏོང་མཁན།

རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རོབ་རྩིས་བྱས་པ་ལྟར་ན། འཛམ་གླིང་ཁྱོན་འདིར་ཐ་མག་འཐེན་མཁན་ཐེར་འབུམ་གཅིག་དང་གྲངས་ཆུང་གསུམ་(1300000000) ཡོད་པ་དང་། སྐར་ཆ་དྲུག་ཚེག་ལྔ་(6.5)རེའི་ནང་དུ་ཐ་མག་འཐེན་མཁན་གཅིག་རེ་འདས་གྲོངས་སུ་འགྲོ་བཞིན་ཡོད། དཔལ་འབྱོར་རྗེས་ལུས་ཡིན་སར་ཤེས་ཡོན་དང་འཕྲོད་བསྟེན་གྱི་གོ་རྟོགས་ཞན་པ་དང་། དེ་ལ་བརྟེན་ནས་ཐ་མག་འཐེན་མཁན་གྱི་མི་འབོར་ཆེ་བ་ཡོད།  དཔལ་འབྱོར་ཡར་ཐོན་ཆེ་ཞིང་སློབ་སྦྱོང་གི་གོ་རྟོགས་མཐོ་བའི་སྤྱི་ཚོགས་དང་རྒྱལ་ཁབ་དག་ཏུ་ཐ་མག་འཐེན་མཁན་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་པ་རེད། (ཕབ་ལེན་བྱོས། Download from here)


constipation

གཞང་འབྲུམ་དང་དེའི་དཀའ་ངལ།

གཞང་འབྲུམ་ནི་སྤྱིར་ན་ནད་གཞི་ཉེན་ཁ་ཡོད་པ་ཞིག་དང་། སེམས་ཁུར་བྱེད་དགོས་པ་ཞིག་མིན། ཡིན་ན་ཡང་། དེས་མི་མང་པོ་ཞིག་ལ་ཉིན་རེ་བཞིན་ཅ་ཟིང་པོ་བཟོ་གིན་ཡོད། དེ་བས། འདིར་དུས་དེབ་འདིར་ང་ཚོས་ཁྱེད་ལ་ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་འཕྲོད་བསྟེན་སྡེ་ཁག་གིས་བཏོན་པའི་རྩོམ་ཡིག་ཅིག་གཞི་ལ་བཞག་ནས་གཞང་འབྲུམ་དང་། དེའི་འབྱུང་རྐྱེན། བཅོས་ཐབས་བཅས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།  (ཕབ་ལེན་བྱོས། Download from here)


eBooks-IV

ཆམ་རིམས། ཚེ་སྲོག་ལ་གཅེས་སྤྲས་བྱོས།

ཆམ་རིམས་ནི་དབུགས་འབྱིན་མ་ལག་ལ་ནད་འབུ་ ཕྲ་མོའམ་ཕྲ་སྲིན་གྱི་བཙན་འཛུལ་ཐེབས་པ་ལ་བརྟེན་ནས་བྱུང་བའི་ན་ཚ་ཞིག་ཡིན་ཞིང་། དུས་རྒྱུན་གྱི་ཆམ་པ་དང་ཆམ་རིམས་གཉིས་ལ་འདྲ་བའི་ཆ་མང་ཡང་རྩ་བའི་ཆ་ནས་འདི་གཉིས་ཀ་མི་འདྲ། དུས་རྒྱུན་གྱི་ཆམ་པ་ནི་སྤྱིར་བཏང་གི་ཕྲ་སྲིན་གཞན་ཞིག་གིས་བསྐྱེད་ཅིང་། དེས་བསྐྱེད་པའི་ནད་རྟགས་དང་། ནད་གཞི་གཞན་དང་རྙོག་འཛིང་ཆེ་བའི་དཀའ་ངལ་བསྐྱེད་ཚད་ཀྱང་ཆུང་ཆུང་ཡིན། (ཕབ་ལེན་བྱོས། Download from here)


eBooks-III

ཕོ་བའི་ནད་དང་བཅོས་ཐབས།

ཕོ་བ་དང་རྒྱུ་མ་སོགས་འཇུ་བྱེད་མ་ལག་ཁག་ནི་ང་ཚོའི་ལུས་ངག་ཡིད་གསུམ་གྱི་བྱེད་སྒོ་ཁག་ལ་ནུས་ཤུགས་མཁོ་སྤྲོད་བྱེད་མཁན་གྱི་བཟོ་གྲྭ་ལྟ་བུ་ཡིན་པས། གལ་སྲིད་ཕོ་བའི་ནད་ཡུན་རིང་པོར་གནས་ན་དེས་ཁྱོད་ལ་ཨཱལ་སར་(ulcer)རམ་བད་ཀན་རྨུག་པོ་དང་། ཕོ་བའི་འབྲས་སྐྲན་བསྐྱེད་པ་ཙམ་དུ་མ་ཟད། ལུས་ཀྱི་ཆ་ཤས་གཞན་དང་གཞན་ལ་ཡང་ནད་གཞི་བསྐྱེད་ཀྱིན་ཡོད། དེ་བས། ཕོ་བའི་ནད་གཞི་བསྐྱེད་མཁན་གྱི་རྩ་བ་རྙེད་པར་བྱས་ནས་གང་མགྱོགས་རྩ་མེད་བཟོ་རྒྱུ་གལ་ཆེན་པོ་ཡིན། (ཕབ་ལེན་བྱོས། Download from here)


IMG_5026སེམས་ཁམས་འཕྲོད་བསྟེན་ནང་ང་ཚོའི་མྱོང་ཚོར་དང་། སེམས་གཤིས་སམ་སེམས་ཁམས། སྤྱི་ཚོགས་འཚོ་བའི་བདེ་ཐབས་སོགས་ཚུད་ཡོད་ལ། འདི་དག་གིས་ང་ཚོའི་བསམ་བློ་དང་། ཚོར་བ། ལུས་ངག་གི་བྱེད་ལས་བཅས་ལ་ཐད་ཀར་ཤུགས་རྐྱེན་སྤྲོད་བཞིན་ཡོད། སེམས་ཁམས་འཕྲོད་བསྟེན་གྱིས་ང་ཚོར་སེམས་ངལ་ལ་གདོང་ལེན་ཇི་ལྟར་བྱེད་མིན་དང་། གཞན་ལ་འབྲེལ་འདྲིས་བྱེད་སྟངས། ཉིན་རེའི་འཚོ་བའི་ཁྲོད་ཐག་གཅོད་ཇི་ལྟར་བྱེད་མིན་སོགས་ལ་རོགས་འདེགས་བྱེད་ཐུབ། མདོར་ན། སེམས་ཁམས་འཕྲོད་བསྟེན་འདི་མི་ཞིག་མི་ཚེའི་གནས་རིམ་སྟེ། བྱིས་དུས་དང་གཞོན་དུས། ན་ཚོད་དར་བའི་སྐབས་སོགས་གང་དུ་ཡང་གལ་གནད་ཆེན་པོ་ཆགས་ཡོད། (ཕབ་ལེན་བྱོས། Download from here)


 humanbody-final_page_01རྩོམ་ཡིག་འདིའི་ནང་དུ་མིའི་ལུས་པོ་དང་དེའི་གྲུབ་ལུགས་ལ་རོབ་ཙམ་གླེང་རྒྱུ་དང་། ལུས་ཀྱི་འགོག་སྲུང་མ་ལག་དང་དེའི་གྲུབ་ཆ་ཁག བྱེད་ལས་བཅས་ལ་ཞིབ་ཙམ་གླེང་རྒྱུ་ཡིན། དེ་བཞིན། ང་ཚོའི་ལུས་ལ་བཙན་འཛུལ་དང་ནད་རིགས་བསྐྱེད་མཁན་གྱི་སྐྱེ་ལྡན་ཕྲ་རབ་ཁག་དང་། དེ་དག་ལ་ཕར་རྒོལ་བྱེད་མཁན་གྱི་དེང་རབས་གསོ་རིག་གི་སྨན་རྫས་ཀྱི་ངོ་བོ་དང་བྱེད་ལས་སོགས་ལ་ཡང་རོབ་ཙམ་གླེང་རྒྱུ་ཡིན། རྩོམ་ཡིག་འདི་<<གཙང་སྦྲ་ནི་ཚན་རིག་ཅིག་ཡིན་>>ཞེས་པའི་རྩོམ་ཡིག་ལ་གཞི་བཅོལ་ནས། དཔྱད་གཞི་དང་ཞིབ་འཇུག་གྲུབ་དོན་གཞན་ཁ་གསབ་ཀྱིས་ཕྱོགས་སྒྲིག་དང་རྩོམ་སྒྱུར་བྱས་པ་ཞིག་ཡིན།

(འདི་ནས་ཕབ་ལེན་བྱོས། Download from here)